༄༅།། འཁོར་རིགས་འཇོག་སའི་བདག་ཐོབ།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 10-09



1. ཁུལ་ཆུང་གི་འཁོར་རིགས་འཇོག་ས་ཁག་གཅིག་གི་བདག་དབང་ཁང་བདག་ལ་ཡོད་པ་ཁ་གསལ་ཡིན་པས་སྡེ་ལས་ཀྱིས་ཕྱིར་འཚོང་བྱེད་པའི་ཐོབ་ཐང་མེད།
     《རྒྱུ་ནོར་བདག་དབང་བཅའ་ཁྲིམས》ཀྱི་དོན་ཚན་དོན་བཞི་བ། འཛུགས་སྐྲུན་ས་ཁུལ་ནང་དུ་རླངས་འཁོར་འཇོག་ས་འཆར་བཀོད་བྱས་ཟིན་པའི་ཐང་དང་ཁང་པའི་བདག་ཐོབ་ནི་དོ་བདག་གིས་ཕྱིར་འཚོང་དང་མཉམ་སྟེར་རམ་ཡང་ན་བོགས་གཏོང་སོགས་ཀྱི་ལམ་ནས་ཁ་དན་བྱ་རྒྱུ། 
ཁང་བདག་སྤྱི་ལ་དབང་བའི་ལམ་མམ་ས་ཆ་གཞན་དུ་རླངས་འཁོར་འཇོག་ས་བཟུང་རིགས་རྣམས་ཁང་བདག་ཐུན་མོང་ལ་དབང་བ་ཡིན།
 2.སྤྱི་པའི་ས་འོག་རླངས་འཁོར་འཇོག་ས་ནི་ཁང་བདག་ལ་དབང་ཞིང་། བདག་དབང་ནི་ཁང་བདག་ཆ་ཚང་ལ་ཡོད་པ་ཡིན།
        འདོན་འཚོང་བས་ཁང་བདག་ཁ་ཤས་དང་གྲོས་མཐུན་བཞག་ནས་རླངས་འཁོར་འཇོག་ས་བཤུག་འཚོང་བྱེད་དབང་མེད། གྲོས་མཐུན་ཡི་གེ་དེའང་རྩིས་མེད་ཡིན།
        གལ་སྲིད་ཁུལ་ཆུང་ཁང་བདག་གིས་འཁོར་རིགས་འཇོག་སའི་བེད་སྤྱོད་དབང་ཆ་ཉོས་དགོས་ཡོད་ཚེ། ཁུལ་ཆུང་གི་ཁང་བདག་ཨུ་ཡོན་ལྷན་ཁང་ངམ་ཡང་ན་ཁང་བདག་ཨུ་ཡོན་ལྷན་ཁང་གིས་དབང་ཆ་མངག་བཅོལ་བྱས་པའི་སྡེ་ལས་དོ་དམ་ཀུང་སི་དང་འཁོར་རིགས་འཇོག་སའི་སྤྱོད་དབང་བཤུག་འཚོང་གི་གྲོས་མཐུན་ཡི་གེ་འཇོག་དགོས།
3.མཉམ་དབང་ཡིན་པའི་ལམ་ཐོག་གི་འཁོར་རིགས་འཇོག་ས་ནི་ཁང་བདག་ལ་དབང་ཞིང་། དེའི་ཡོང་བབས་ནི་ཁང་བདག་དང་སྡེ་ལས་གཉིས་གྲོས་མོལ་བྱས་ནས་བགོ་འགྲེམ་བྱ་རྒྱུ།
4.ས་འོག་གི་མི་ཟོན་འཁོར་རིགས་འཇོག་ས་ནི་རྒྱལ་ཁབ་ལ་དབང་བ་ཡིན།

        སུས་མ་རྩ་བཞག་ན་དེར་ཁེ་སང་འབབ་པའི་རྩ་དོན་གཞིར་བཟུང་ན་འདོན་འཚོང་བ་ལ་ཁེ་སྤོགས་འཐོབ་དབང་ཡོད། འོན་ཀྱང་མང་ཤོས་ལའང་མི་ཟོན་འཁོར་རིགས་འཇོག་ས་ཁང་བདག་ལ་བོགས་མ་བཏང་ནས་བོགས་གླ་ལེན་རྒྱུ་དེ་ཡིན། གན་རྒྱའི་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ན། བོགས་གཏོང་གན་རྒྱའི་ཡུན་ཚད་རིང་ཤོས་ནི་ལོ་༢༠ཡིན་ཞིང་། དེ་ཡན་བརྒལ་བའི་ཆ་ཤས་ནི་རྩིས་མེད་ཡིན།

(ལྷ་མོའི་ཁྲིམས་བཤད་ཅེས་པའི་འཕྲིན་སྟེགས་ལས་བཤུས།)



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1