རྒྱལ་སྟོན་གསེར་གྱི་གཟའ་འཁོར་རིང་ལ་དཀར་མཛེས་ཁུལ་དུ་ཡུལ་སྐོར་འཁྲུག་ཆ་ཤིན་ཏུ་ཆེ།

ལྷ་འཛོམས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 10-11



    གསར་འགོད་པས་ཁུལ་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་རྒྱལ་སྟོན་གསེར་གྱི་གཟའ་འཁོར་ནང་དཀར་མཛེས་ཁུལ་གྱིས་ཁྱོན་བསྡོམས་ཡུལ་སྐོར་བ་ཁྲི198.9ལ་སྣེ་ལེན་བྱས་པ་དང་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར19.85རག་པ་རེད། ན་ལོའི་དུས་མཉམ་ལས་བརྒྱ་ཆ13.1འཕར་ཡོད། ཁུལ་ཡོངས་སུ་ཡུལ་སྐོར་ཁོར་ཡུག་ཡག་ལ་གོ་རིམ་ཡོད་པ། ཡུལ་སྐོར་ཚོང་ར་བརྟན་ཞིང་བདེ་འཇགས་ཡིན་ལ། ཡུལ་སྐོར་དཔལ་འབྱོར་དམིགས་ཚད་བརྟན་པོར་འཕར་སྣོན་ཡོང་ཡོད།  ཡུལ་སྐོར་སྤུས་ཚད་ཞུ་གཏུག་དང་བདེ་འཇགས་འགན་འཁྲི་དོན་རྐྱེན་ཆེན་པོ་བུད་མེད་པས། ཡུལ་སྐོར་སྣེ་ལེན་ཐད་ལ་བདེ་འཇགས་དང་སྒྲིག་ལམ། སྤུས་ཚད། ཁེ་ཕན་བཅས་ཡོད་པ་བཞི་འཛོམས་བྱུང་ཡོད།
    ཁུལ་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱི་འབྲེལ་ཡོད་གཞི་གྲངས་བསྡོམས་རྩིས་བྱས་པར་གཞིགས་ན། ད་ལོའི་རྒྱལ་སྟོན་གསེར་གྱི་གཟའ་འཁོར་ནང་ལྕགས་ཟམ་དང་རོང་བྲག གསེར་ཐར་རྫོང་དང་དུང་དཀར་ལུང་པའི་མཛེས་ལྗོངས་ས་ཁུལ་སོགས་ས་གནས་ཀྱི་ཡུལ་སྐོར་སྣེ་ལེན་བྱེད་ཚད་ཆེས་ཆེ་རུ་འཕར་ཡོད། དེའི་ནང་ལྕགས་ཟམ་རྫོང་ལ་བརྒྱ་ཆ11འཕར་བ་དང་། རོང་བྲག་རྫོང་ལ་བརྒྱ་ཆ56འཕར་བ།  གསེར་ཐར་རྫོང་ལ་བརྒྱ་ཆ13.3འཕར་བ། དུང་དཀར་ལུང་པ་མཛེས་ལྗོངས་ས་ཁུལ་ལ་བརྒྱ་ཆ46.41འཕར་བ།  འདབ་པ་རྫོང་དང་ཉི་སྟེན་ཡུལ་སྐོར་མཛེས་ལྗོངས་ས་ཁུལ་གྱི་ཡུལ་སྐོར་སྣེ་ལེན་བྱེད་ཚད་མངོན་གསལ་དོད་པོར་ཆག་པ་རེད།  འདབ་པ་རྫོང་ན་ནིང་དུས་མཉམ་ལས་བརྒྱ་ཆ52.44ཆག་པ་དང་ཉི་སྟེན་མཛེས་ལྗོངས་ས་ཁུལ་ན་ལོའི་དུས་མཉམ་ལས་བརྒྱ་ཆ31ཆག་པ་རེད། དར་མདོའི་གནམ་གྲུ་ཐང་དང་ཉི་སྟེན་གནམ་གྲུ་ཐང་གི་གནམ་གྲུ་འཁོར་སྐྱོད་བྱེད་ཐེངས104ཐོག་སླེབས་པ་དང་འགྲོ་འོང་བྱེད་པའི་མི9296ཡོད། ཁྲོན་བོད་འགྲུལ་སྐྱེལ་ལས་རིགས་ཚད་ཡོད་སྤྱི་གཉེར་ཁང་གསར་པའི་འགྲུལ་སྐྱེལ་རླངས་འཁོར་གཏོང་ཐེངས2625བྱས་པ་དང་འགྲུལ་པ་ཁྲི4.84སྐྱེལ་འདྲེན་བྱས་ཡོད། ཟླ་བ10པའི་ཚེས1ཉིན་དང་ཚེས2ཉིན་རིང་ལ་ཁུལ་ནང་དུ་ཡོང་མཁན་རླངས་འཁོར་ཁག་བགོས་ན་ཁྲི5དང་ཁྲི4ལས་བརྒལ་བས། དེའི་ནང་མང་ཆེས་ཤོས་ནི་སི་ཁྲོན་དང་ཁྲུང་ཆིང་ནས་ཡོང་བའི་རང་སྐོར་ཡུལ་སྐོར་བ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1