༄༅། །ཐ་མག་གིས་རྒྱལ་སྤྱིའི་ཁྱོན་ནས་ལོ་རེར་མི་གྲངས་ས་ཡ་དྲུག་ཙམ་གསོད་ཀྱིན་ཡོད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-10


 

འཛམ་གླིང་རྒྱལ་ཁབ་ཁག་གིས་ཚོད་རྩིས་བྱས་པ་ལྟར་ན། གལ་སྲིད་ད་ལྟའི་ཐ་མག་བཟོ་ལས་དང་། ཉོ་འཚོང་། འཛད་སྤྱོད་བཅས་འདི་མུས་སུ་སྡོད་པ་ཡིན་ན། ལོ་རེར་ཐ་མག་གིས་གསོད་པའི་མི་གྲངས་ད་ལྟའི་ས་ཡ་དྲུག་ནས་ས་ཡ་བརྒྱད་བར་འཕར་རྒྱུ་རེད་ཟེར། ཁོང་ཚོས་ད་དུང་དུས་རབས་ཉི་ཤུ་པའི་དུས་མཇུག་བར་དུ་ཐ་མག་གིས་འཛམ་གླིང་ཁྱོན་ནས་མི་གྲངས་ཁྲི་100000 ལྷག་གི་ཚེ་སྲོག་འཕྲོག་ཟིན་པ་ཚོད་རྩིས་བྱས་ཡོད།

ཐ་མག་གི་གནོད་འཚེ་ཐེབས་པའི་མི་རྣམས་ནི་རང་གིས་ཐ་མག་འཐེན་པ་ལ་བརྟེན་ནས་འཆི་ལམ་དུ་གྱུར་མཁན་ཚོ་གཅིག་བུ་མ་རེད། ཤུལ་ཏུ་ལྷག་པའི་ཁྱིམ་མི་ཚོ་བཟོད་དཀའ་བའི་འཆི་བྲལ་གྱི་སྡུག་བསྔལ་སེམས་ཀྱིས་མྱངས་དང་མྱོང་བཞིན་པ་མ་ཟད། ཁོང་ཚོར་དཔལ་འབྱོར་གྱི་གྱོང་གུད་ཀྱང་རྩིས་ཀྱིས་མི་ལོངས་པ་ཞིག་ཕོག་ཡོད། དེ་བས་ཀྱང་ཡིད་སྐྱོ་དགོས་པ་ཞིག་ནི་ཐ་མག་འཐེན་མཁན་ཚོས་སྐྱུགས་པའི་དུག་རླངས་དེས་ལོ་རེའི་ནང་ཐ་མག་མི་འཐེན་མཁན་གྱི་མི་གྲངས་ཁྲི་60རེ་ལྷན་དུ་གསོད་ཀྱིན་པ་དེ་རེད། རྒྱལ་ཁབ་ཅིག་གི་ངོས་ནས་བཤད་ན། ཐ་མག་གིས་བསྐྱེད་པའི་ནད་རིགས་དེ་དག་གསོ་བཅོས་བྱེད་པའི་ཆེད་དུ་སྒོར་མོ་ས་ཡ་མང་པོ་གཏོང་བཞིན་ཡོད་ལ། དངུལ་སྒོར་དེ་དག་ཐམས་ཅད་ཀྱང་རྒྱལ་ཁབ་སོ་སོའི་མི་མང་གི་ཁྲལ་བསྡུ་བའི་དངུལ་སྒོར་ཡིན། ཐ་མག་འཐེན་པ་ནི་སྒེར་དོན་ཙམ་གཏན་ནས་མིན་པ་མ་ཟད། དེ་ནི་རང་གཞན་གཉིས་ཕུང་གི་སྡིག་པའི་ལས་ཁོ་ནར་ཟད།

ནད་ཡམས་ཐུ་མོ་ཞིག་བྱུང་དུས་སྨན་པ་མང་པོ་དུས་ཐོག་གཅིག་ཏུ་ནད་རིགས་ལ་ཞིབ་འཇུག་དང་། བཅོས་ཐབས་འཚོལ་བ། སྨན་སྣ་སྡེབ་སྦྱོར་དང་། ས་གནས་སོ་སོར་སྐྱེལ་འདྲེན་བྱེད་པ་སོགས་ཕྱོགས་ཡོངས་ནས་དཀའ་ལས་དང་། འགྲོ་གྲོན་མང་པོ་ཞིག་གཏོང་དགོས། ཡིན་ན་ཡང་། ཐ་མག་གིས་མི་གསོད་པའི་གྲངས་འབོར་འདི་འདྲ་ཆེན་པོ་ཞིག་ནད་ཡམས་གང་གིས་ཀྱང་བསད་མེད། ནད་ཡམས་ཤིག་ལ་གདོང་ལེན་བྱེད་པའི་དཀའ་ཚེགས་དང་བསྡུར་ན་ཐ་མག་གིས་བསྐྲུན་པའི་གནོད་འཚེ་འདིར་གདོང་ལེན་བྱེད་རྒྱུ་ནི་ཆེས་ཧ་ཅང་ལས་སླ་བ་ཞིག་རེད།

Risksof Tobaccoཡིས་ལོ་རེའི་ཟླ་5 པའི་ཚེས་31 ཉིན་ནི་རྒྱལ་སྤྱིའི་ཐ་མག་སྤོང་པའི་ཉིན་མོར་གཏན་འབེབས་བྱས་ཡོད་པ་ལྟར། སྤྱི་ལོ་2012 ལོའི་ཟླ་5 པའི་ཚེས་31 ཉིན་རྒྱལ་སྤྱིའི་ཐ་མག་སྤོང་བའི་ཉིན་མོ་སྲུང་བརྩི་བྱས་ཤིང་། ཚོགས་ཐོག་ཏུ་སྨན་པ་མཱར་གྷེརེཋི་ཆཱན་(Μαργαρετ Χηαν) གྱིས་འགྲེལ་བརྗོད་གནང་བ་ལྟར་ན། ཐ་མག་གིས་བསྐྱེད་པའི་ནད་ཡམས་འདི་ནི་ཁྱོན་ཡོངས་ནས་མིས་བཟོས་པའི་དཀའ་ངལ་ཞིག་རེད། སྲིད་གཞུང་ཁག་དང་མི་མང་མཉམ་སྡེབ་ཀྱིས་འདིའི་ཁ་གཏད་དུ་ལངས་པ་ཡིན་ན་ང་ཚོ་ལམ་འདི་ལས་ཕྱིར་ལྡོག་ཐུབ་ཟེར།

ང་ཚོས་ལས་སླ་བོའི་སྒོ་ནས་སྔོན་འགོག་བྱེད་ཐུབ་པའི་འཆི་རྐྱེན་ཨང་དང་པོའི་གྲས་ཀྱི་གཅིག་ནི་ཐ་མག་འཐེན་པ་འདི་ཡིན། ད་ལྟའི་ཆར་ཐ་མག་གིས་ལོ་རེའི་ནང་མི་གྲངས་ཁྲི་600གསོད་ཀྱིན་ཡོད་ལ། དེ་དག་ལས་མི་གྲངས་ཁྲི་60ལྷག་ནི་ཐ་མག་འཐེན་མཁན་ཚོས་སྐྱུགས་པའི་དུག་རྫས་ཞོར་འཐེན་བྱས་པ་ལ་བརྟེན་ནས་བསད་པ་ཤ་སྟག་ཡིན། ཚིག་གཞན་ཞིག་གིས་བཤད་ན་མི་དེ་དག་ནི་ཐ་མག་འཐེན་མཁན་ཚོ་དང་ལྷན་དུ་སྡོད་པའི་ཁོང་ཚོའི་ཁྱིམ་མི་ཉེ་འབྲེལ་དག་རེད།

ང་ཚོས་ཐ་མག་འཐེན་པའི་བྱ་སྤྱོད་འདི་འདི་ལྟར་རྒྱ་ཡན་ལ་བཏང་བཞག་པ་ཡིན་ན། སྤྱི་ལོ་2030ལོ་ཟིན་དུས་ལོ་རེའི་ནང་ཐ་མག་གིས་མི་གྲངས་ཁྲི་800རེ་གསོད་ངེས་པ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་སྔོན་དཔག་བྱས་ཡོད། མི་དེ་དག་ལས་80%ཙམ་ནི་དཔལ་འབྱོར་གྱི་ཡོང་འབབ་ཞན་པ་དང་འབྲིང་ཙམ་ཡིན་པའི་རྒྱལ་ཁབ་ཁག་ཏུ་ཡོད་ངེས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1