གཙོ་ངོས།>> འཕྲོད་བསྟེན།>>བདེ་ཐང་ཤེས་བྱ།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༡༨ལོའི་ཟླ་བ་༡༠ཚེས་༡༥ཉིན།

༄༅།། མིའི་ཡིད་འཛིན་ཆེས་ལེགས་པའི་དུས་ནམ་ཡིན།

        མིའི་ཡིད་འཛིན་ཆེས་ལེགས་པའི་དུས་ནམ་ཡིན།
         མིའི་ཡིད་འཛིན་ལ་ཆོས་ཉིད་ངེས་ཅན་ཞིག་ལྡན་པ་རེད། ཡིད་འཛིན་ཆེས་ལེགས་པའི་དུས་ནི་ཞོགས་པའི་དུས་ཚོད6ནས7དང་། སྔ་དྲོའི་དུས་ཚོད8ནས10བར། ས་སྲོད་ཀྱི་དུས་ཚོད10ནས11བར་ཡིན།
        གཉིད་ཡུན་རིང་ན་ལུས་ཕུང་ལ་གནོད་པའི་རྒྱུ་མཚན་ཅི།
        མི་རྣམས་གཉིད་ལོག་པ་ན་དབུགས་ཀྱི་རྒྱུ་བ་ཇེ་དལ་དུ་འགྱུར་བ་དང་། ཟུངས་ཁྲག་ནང་གི་དབྱང་གཉིས་ཐཱན་འགྱུར་ཇེ་མང་དུ་འགྲོ་སྲིད།
        གཉིད་ཡུན་རིང་ན་ཁྲག་ནང་གི་དབྱང་གཉིས་ཐཱན་འགྱུར་བཟི་རྫས་སུ་གྱུར་ཏེ་མི་ནི་ཡམ་ཡོམ་དང་གཉིད་མ་སད་དུ་འགྱུར་བར་མ་ཟད། རྫས་དེས་ཀླད་ཆེན་གྱི་སྐྱི་ལྤགས་རིམ་པར་ཚོད་འཛིན་བྱེད་ཡུན་ཇེ་རིང་དུ་སོང་སྟེ་ཚོར་བ་ཇེ་རྟུལ་དང་དྲན་པ་ཉམས་སུ་འཇུག་སྲིད། མིའི་ལུས་སྟེང་གི་ཁྲག་གི་འཁོར་སྐྱོད་ཇེ་དལ་དུ་སོང་བ་ན་ཀླད་པས་དབྱང་འགྱུར་བྱེད་ཚད་དང་ནུས་བཅུད་ལེན་ཚད་མི་འདང་བས། རྙིང་ཚབ་གསར་བརྗེ་བྱས་པའི་སྙིགས་མ་དང་དུག་རྫས་དུས་ཐོག་ཏུ་ཕྱིར་ཕུད་མ་ཐུབ་པར། རིམས་འགོག་ནུས་པ་ཇེ་ཞན་དུ་གྱུར་ཏེ་ནད་འབྱུང་སླ་བར་འགྱུར་བ་ཡིན།
        མི་རྣམས་གཉིད་ལོག་དགོས་པའི་རྒྱུ་མཚན་ཅི།
        གཉིད་ལོག་པ་ནི་མིའི་སྐྱེ་ཁམས་ཀྱི་དགོས་མཁོ་ཞིག་ཡིན་པ་དང་། ཆེས་ལེགས་པའི་ངལ་གསོ་བྱེད་ཐབས་ཤིག་ཀྱང་ཡིན། མིའི་ཀླད་པའི་དབང་རྩའི་འགུལ་སྐྱོད་ལ་གནས་སྐབས་སུ་ཚོད་འཛིན་ཐེབས་ན་མི་གཉིད་ལོག་པ་ཡིན།
        རྨི་ལམ་འཁྲུག་པ་ནི་ཅི་ཡིན།
        མི་ལ་ལ་གཉིད་སྐབས་གློ་བུར་དུ་ལུས་སྟེང་ལ་དངོས་པོ་ལྕི་མོ་ཞིག་གིས་མནན་ནས་དབུགས་ཀྱང་འབྱིན་མི་ཐུབ་པའི་ཚོར་སྣང་སྐྱེ་སྲིད། སྐབས་དེར་སྐྲག་མ་དངངས་ཀྱིས་སྐད་བརྒྱབ་ན་འདོད་ཀྱང་སྐད་རྒྱག་མི་ཐུབ་པར་མ་ཟད། འགུལ་ཡང་མི་ཐུབ་པ་དེར་ང་ཚོས་རྨི་ལམ་འཁྲུག་པ་ཟེར།
        རྨི་ལམ་ཇི་ལྟར་འཁྲུག་པ་ཡིན།
        རྨི་ལམ་འཁྲུག་པ་ཡང་རྨི་ལམ་དང་འདྲ་བར་ལུས་ཁམས་ཀྱི་སྣང་ཚུལ་ཞིག་ཡིན། རྨི་ལམ་འཁྲུགས་ནས་སད་དང་མ་སད་པའི་སྐབས་སུ་ཀླད་པའི་དབང་རྩའི་ལྟེ་གནས་ཁ་ཤས་སད་ཡོད་ནའང་ཤ་གནད་ལ་བཀོད་འདོམས་བྱེད་པའི་དབང་རྩའི་ཤེས་པ་དེ་ད་རུང་སད་མེད།
        གན་རྐྱལ་དུ་ཉལ་བ་དང་ལག་པ་བྲང་ཁར་བཞག་ནས་ཉལ་བ། ཉལ་ཐུལ་ལྕི་མོའམ་དངོས་པོ་གཞན་གྱིས་མནན་པ། ཉིན་མོར་རིག་པ་བསྒྲིམ་དྲགས་པ། དགོང་ཟས་ཟོས་ནས་ལྟོ་བ་ཧ་ཅང་འགྲངས་པ་སོགས་ནི་རྨི་ལམ་འཁྲུག་པའི་རྒྱུ་རྐྱེན་ཡིན།
        《ཤེས་བྱ་དྲིས་བརྒྱ་བ》ལས་མི་ལུས་ཀྱི་གསང་བ་ལས་བདམས།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1