༄༅།། ཅི་ཞིག་ལ་ཐུམ་འབུའི་ནད་ཟེར།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 10-15


        ཐུམ་འབུའི་ནད་ནི་ཇི་ཆུའུ་རིགས་ཀྱི་སྲིན་འབུས་བསླང་བའི་ནད་རིགས་ཤིག་ཡིན་ལ།མིག་སྔར་ཀུན་གྱིས་ཁས་ལེན་པའི་འབུའི་རིགས་ལ་ཕྲ་རྡོག་ཇི་ཆུའུ་འབུ་ཕྲུག་དང་ཏའོ་ཧྥང་ཇི་ཆུའུ་རྒྱུ་འབུ་ལེབ་རིང་། ཧྥུའུ་ཧྲི་ཇི་ཆུའུ་རྒྱུ་འབུ་ལེབ་རིང་། ཧྲོ་ཅའེ་ཇི་ཆུའུ་རྒྱུ་འབུ་ལེབ་རིང་སོགས་ཡོད་ཅིང་།དེའི་རྣམ་པ་དང་འཚོ་གནས།ཁྱབ་ཚུལ་སོགས་མི་འདྲ་བ་དང་།ཆེས་རྒྱུན་མཐོང་གི་འབུ་ཕྲུག་ནི་ཕྲ་རྡོག་ཇི་ཆུའུ་འབུ་ཕྲུག་རེད།
        ཕྲ་རྡོག་ཇི་ཆུའུ་འབུ་ཕྲུག་གི་རིང་ཚད་ལ་ཧའོ་སྨི1.5ནས6ཡོད་པ་དང་།མགོ་བོའི་ཚིགས་མཚམས་གཅིག་དང་ལུས་པོའི་ཚིག་མཚམས་གསུམ་གྱིས་གྲུབ་པ་རེད།ཁྱིའི་རྒྱུ་མའི་ནང་དུ་འཚོ་བའི་རྒྱུ་འབུ་ལ་ཕྱི་རོལ་ཡུལ་གྱི་འགོག་ཤུགས་དྲག་པོ་ཞིག་ཡོད་པས།རྒྱུ་འབུ་དེ་ཁྱི་ལྟིག་དང་མཉམ་དུ་ལུས་པོའི་ཕྱི་རོལ་ཏུ་ཕུད་རྗེས།ཕྱུགས་ར་དང་ཕྱུགས་ཁང་།སྔོ་ཚོད།ས་གཞི།འཐུང་ཆུ་སོགས་ལ་སྦགས་བཙོག་བཟོ་བ་དང་།དེ་ནས་ལུག་དང་ཡང་ན་མིའི་སྟེང་དུ་འགོས་ནས།ཕོ་བ་དང་རྒྱུ་སོར་བཅུ་གཉིས་བརྒྱུད་དེ་རྒྱུ་མའི་ནང་དུ་འཛུལ་ཞིང་།ཁྲག་གི་འཁོར་རྒྱུག་ལ་བརྟེན་ནས་མཆིན་པའི་རྩ་ཆེན་ནང་དུ་སོང་ནས།མང་ཆེ་ཤོས་མཆིན་པའི་ནང་དུ་གནས་བཅའ་ཞིང་།ཉུང་ཤས་ཤིག་གློ་བའི་ནང་དང་ཡང་ན་གློ་བ་བརྒྱུད་དེ་ལུས་ཡོངས་ཀྱི་དོན་སྣོད་ལ་ཁྱབ་པ་རེད།ཐུམ་འབུའི་ནད་ཡོད་པའི་ལུག་དང་ཡང་ན་སྒོ་ཕྱུགས་གཞན་པའི་ནང་ཁྲོལ་ཁྱིས་ཟོས་ན།རྒྱུ་འབུ་དེ་ཁྱིའི་རྒྱུ་མའི་ནང་ནས་གཟའ་འཁོར7ནས8ལ་འཚོ་ཞིང་།ཏའོ་ཧྥང་ཇི་ཆུའུ་རྒྱུ་འབུ་ལེབ་མོ་ནི་གཙོ་བོ་ཝ་དང་ཁྱི་ཡི་རྒྱུ་མའི་ནང་དུ་འཚོ་ནའང་།འབུ་ཕྲུག་རྣམས་གཙོ་བོ་མིའི་རིགས་དང་ཡང་ན་སོ་མི་བརྗེ་བའི་རིགས་ཀྱི་སྲོག་ཆགས་ཀྱི་མཆིན་པའི་ནང་དུ་འཚོ་བ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1