ན་གཞོན་རྩོམ་པ་པོ་སྨན་སྒང་བློ་གྲོས་རྣམ་རྒྱལ་གྱི་དེབ་ཕྲེང་དང་པོ་《སྔོན་མོ་སྤང་གི་མེ་ཏོག》ཅེས་པ་པར་འགྲེམ་བྱས།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 10-15


        ཉེ་ཆར་ཁམས་སྡེ་དགེའི་ན་གཞོན་རྩོམ་པ་པོ་སྨན་སྒང་མདའ་སྨྱོན་ནམ་སྨན་སྒང་བློ་གྲོས་རྣམ་རྒྱལ་གྱིས་བརྩམས་པའི་དེབ་གསར་《སྔོན་མོ་སྤང་གི་མེ་ཏོག》ཅེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་བྱས་ཏེ་མདོ་དབུས་ཁམས་གསུམ་གྱི་ས་ཆ་སོ་སོར་བཀྲམ།

        《སྔོན་མོ་སྤང་གི་མེ་ཏོག》ཅེས་པ་འདི་ནི། ཁམས་སྡེ་དགེའི་ན་གཞོན་རྩོམ་པ་པོ་སྨན་སྒང་མདའ་སྨྱོན་ནམ་སྨན་སྒང་བློ་གྲོས་རྣམ་རྒྱལ་གྱིས་སེམས་ཀྱི་དབུས་སུ་ཉར་བའི་དམིགས་ཡུལ་དང་། རེ་བ། བསམ་འཆར། ལྟ་ཚུལ་སོགས་སྙན་ཚིག་གི་དྲི་མ་དང་འགྲོགས་ཏེ་《དྲིན་དྲན་སེམས་ཀྱི་མཆོད་འབུལ།》《ལྷུག་རྩོམ་རྫ་ཆབ་སིལ་མ།》 《སློབ་གསོ་མུན་སེལ་སྒྲོན་མེ།》《རང་མོས་བུ་མོའི་འགྱུར་ཁུག》《གནད་ལུགས་བཅོས་མེད་རང་ཤར།》 《སྙན་ཚིག་དྲི་ཟའི་རྒྱུད་མང་།》བཅས་དུམ་ཚན་དྲུག་གིས་གྲུབ་པའི་བཅད་རྩོམ་དང་། ལྷུག་རྩོམ། དཔྱད་རྩོམ།  རང་མོས་སོགས་ཀྱི་ངོས་ནས་བྲིས་པའི་ཕུལ་བྱུང་གི་བརྩམས་ཆོས་གསར་པ་ཞིག་གོ །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1