གཙང་གསུམ་ཆུ་འགོའི་ཁུལ་ནས་བྱེ་ཐང་བྱི་ལའི་ཕྲུ་གུའི་བརྙན་པར་ཐོག་མར་པར་ལེན་ཐུབ་པ་བྱུང་།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 10-16


        གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་སྲིད་གཞུང་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། ཚན་ཞིབ་མི་སྣས་གཙང་གསུམ་ཆུ་འགོའི་ཁུལ་གྱི་འབྲི་ཆུའི་འགྲམ་ནས། ཀྲུང་གོ་ཁོ་ནར་ཡོད་པའི་བྱི་ལའི་རིགས་ཀྱི་སྲོག་ཆགས་བྱེ་ཐང་བྱི་ལའི་ཕྲུ་གུའི་བརྙན་པར་ཐོག་མར་པར་ལེན་ཐུབ་ཡོད།
       ཡུན་རིང་གཙང་གསུམ་ཆུ་འགོའི་ཁུལ་དུ་ཕྱི་རོལ་གྱི་བརྟག་ཞིབ་བྱེད་བཞིན་པའི་རི་ཆུ་རང་བྱུང་སྲུང་སྐྱོང་ལྟེ་གནས་ཀྱི་རྣམ་གྲངས་ཀྲུའུ་རེན་ཀྲའོ་ཞང་གིས། བྱེ་ཐང་བྱི་ལ་ནི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས་ཡིན་པ་དང་། ཀྲུང་གོ་ཁོ་ནར་ཡོད་པའི་བྱི་ལའི་རིགས་ཀྱི་སྲོག་ཆགས་ཤིག་ཡིན་ཞེས་བརྗོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1