གཙོ་ངོས།>> སྒྱུ་རྩལ།>>རི་མོ།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༡༠ཚེས་༢༢ཉིན།

༄༅།། བོད་ཀྱི་རི་མོ་བ་ཐུབ་བསྟན་མི་འགྱུར་གྱི་བརྩམས་ཆོས་བདམས་བཀོད།

        བོད་ཀྱི་རི་མོ་བ་གྲགས་ཅན་ཐུབ་བསྟན་མི་འགྱུར་ནི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་གི་འབྲོག་ཁྱིམ་དཀྱུས་མ་ཞིག་ནས་འཚར་ལོངས་བྱུང་ཞིང་། ཁོང་ཆུང་དུས་ནས་སློབ་སྦྱོང་དང་རི་མོར་དགའ་ཞེན་ཆེན་པོ་ཡོད་ཀྱང་ཁོར་ཡུག་དང་ཆ་རྐྱེན་ལེགས་པོའི་མཐུན་རྐྱེན་མ་འཛོམས་པས་སློབ་ཆུང་ལོ་རིམ་ལྔ་པའི་སྟེང་ནས་སློབ་མཚམས་བཞག་ནས་ཁྱིམ་ཚང་གི་ལས་འགན་ལྗིད་མོ་ཕྲག་ཏུ་ཁུར།
        ཁོང་ལ་མུ་མཐུད་དུ་སློབ་སྦྱོང་བྱེད་པའི་གོ་སྐབས་མེད་ཀྱང་རི་མོ་ལ་བཅངས་པའི་བརྩེ་སེམས་ལ་འགྱུར་ལྡོག་བྱུང་མེད་དེ་ཁོང་གིས་རི་མོ་འབྲི་རྒྱུ་ནིི་བདག་གི་འཚོ་བའི་ཁྲོད་དུ་ཆེས་སྤྲོ་སྐྱིད་ལྡན་པའི་བྱ་བ་ཞིག་ཡིན་ཞེས་གསུངས།

        2012ལོར་པེ་ཅིན་ཞིན་ཧོ་ཐེབས་རྩའི་ཚོགས་པས་རྒྱབ་སྐྱོར་འོག་ཐུབ་བསྟན་མི་འགྱུར་ཆེད་དུ་ཅང་སུའུ་རུ་སྣུམ་ཚོན་རི་མོ་སློབ་སྦྱོང་བྱེད་དུ་ཕེབས། ཁོང་གིས་ཅང་སུའུ་རུ་སློབ་སྦྱོང་བྱེད་པའི་དུས་ཡུན་དེ་ནི་ཁོང་གི་མི་ཚེ་ཁྲོད་ཡར་ཐོན་དང་གྲུབ་འབྲས། དཀའ་ཚེགས་ཀྱིས་ཁེངས་པའི་དུས་རིམ་ཞིག་ཡིན་པར་གསུངས། ཐེངས་དང་པོ་ཅང་སུའུ་ལ་སླེབས་དུས་ཁོང་རང་རྒྱ་སྐད་མི་ཤེས་པ་དང་རི་མོའི་འབྲི་སྦྱོང་གི་ཆུ་ཚད་ཞན་པ་ཕྱོགས་ཀྱི་གནོན་ཤུགས་དང་དཀའ་ངལ་ལ་འཕྲད། ཡིན་ནའང་ཁོང་རང་ཉིད་ཀྱིས་འབད་བརྩོན་དང་དགེ་རྒན་ལི་ཀྲེན་ལུའུ་གཙོ་བྱས་པའི་དགེ་རྒན་རྣམས་ཀྱི་རོགས་རམ་འོག ཁོང་གི་རི་མོ་ཆུ་ཚད་ཇེ་མཐོ་དང་རྒྱ་སྐད་རྒྱ་ཡིིག་སོགས་ལའང་འགྱུར་ལྡོག་ཆེན་པོ་བྱུང་། སྦྲང་བུ་ཤ་སྦྲང་བུང་བ་དང། །དེ་བཞིན་སྲིན་འབུ་གང་གྱུར་བ། །དེས་ཀྱང་བརྩོན་འགྲུས་སྟོབས་བསྐྱེད་ན། །བྱང་ཆུབ་ཐོབ་དཀའ་བླ་མེད་འཐོབ་ཞེས་པ་ནང་བཞིན། ཁོང་གི་འབད་བརྩོན་ལ་འབྲས་བུ་གཡུར་དུ་ཟ་བ་ཐོབ་ཡོད་ལ་ཁོང་གི་བརྩམས་ཆོས་མང་པོར་མི་རྣམས་ཀྱི་གདེང་འཇོག་ཆེན་པོ་ཐོབ་ཡོད། རི་མོ་ཉར་ཚགས་པ་རྣམས་ཀྱིས་ཁོང་གི་རི་མོའི་བརྩམས་ཆོས་མང་པོ་བསྡུ་ཉར་བྱས་ཡོད། ཁོང་གི་དེ་རིང་གི་འབྲས་བུ་འདི་ལྟ་བུ་ཐོབ་པ་ནི་ཁྱིམ་མི་དང་དགེ་རྒན་གྲོགས་པོ་སོགས་ཀྱི་རྒྱབ་སྐྱོར་དང་རོགས་རམ་ལ་ཁ་བྲལ་ཐབས་མེད་པ་དང་ཁོང་ཅག་གི་སྐུ་དྲིན་ནི་ཁོང་གིས་ནམ་ཡང་བརྗེད་ཐབས་མེད་ཅེས་གསུངས་སོ།།  

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1