བོད་ལྗོངས་ཀྱི་རི་ཉིལ་ཁུལ་གྱི་ཉེན་སེལ་གེགས་སྐྱོབ་ཀྱི་སྟབས་བདེའི་ལམ་བཟོས་ཟིན་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བའི་འཕྲིན། སྤེལ་དུས། 10-17


         ཟླ་10ཚེས་15ཉིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་གཞུང་ལམ་ཅུས་ཆབ་མདོ་གཞུང་ལམ་ཡན་ལག་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། བསྟུད་མར་འབད་འཐབ་བྱས་པ་བརྒྱུད་ཨར་སྐྲུན་མི་སྣས་མཁར་སྒང་ཤང་ནས་སྤོ་ལོ་ཤང་བར་གྱི་སྤྱི་ལེ་8ཡོད་པའི་རླངས་འཁོར་ཆེ་གྲས་ཤར་བགྲོད་ཐུབ་པའི་གནས་སྐབས་ཀྱི་བགྲོད་ལམ་བཟོས་ཟིན་ནས་གནོད་འཚེ་ཕོག་ཁུལ་དུ་གེགས་སེལ་དངོས་པོ་འབོར་ཆེན་དབོར་ཏེ་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་དགུན་སྒྲོལ་ཆེད་འགན་ལེན་མཁོ་འདོན་བྱས་ཡོད།

         ཟླ་10ཚེས་11ཉིན་གྱི་ཐོ་རེངས་སུ་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྤོ་ལོ་ཤང་ཁོངས་སུ་རི་ཉིལ་བའི་གནས་ཚུལ་ཐོན་ནས་འབྲི་ཆུའི་བཞུར་རྒྱུན་འགག་སྟེ་འཁྱིལ་ཆུ་ཐོན་པ་དང་། སྤོ་ལོ་ཤང་གི་ཁང་པ་དང་ཞིང་ཁ་འགའ་ཞིག་ཆུས་བསྣུབས་ཡོད། མང་ཚོགས་རྣམས་སྤོ་ལོ་ཤང་སྲིད་གཞུང་དང་བར་ཐག་སྤྱི་ལེ་6ཙམ་ཡོད་པའི་གནས་སྐབས་ཀྱི་བར་བརྒལ་བཀོད་སྒྲིག་བྱ་ཡུལ་དུ་གནས་སྤོ་བྱས་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1