བཙན་ལྷའི་ཀུ་ཤུ་ཕྱིར་འཚོང་བྱེད་པའི་དུས་ལ་སླེབས་པ།

རྩོམ་སྒྲིག་པ།ཡོང་ཁུངས།རྔ་བ་ཁུལ་བོད་སྐད་བརྙན་འཕྲིན། སྤེལ་དུས། 10-19


        བཙན་ལྷའི་ཀུ་ཤུ་བཏོག་པ་དང་ཕྱིར་འཚོང་གི་དུས་ལ་བབས་པས། ཞིང་ཚིགས་བར་ནས་ཀུ་ཤུ་ལས་སྣོན་བར་དང་། ཕྱིར་འཚོང་བཟོ་གྲྭ་སོགས་ག་ས་གང་དུ་ལོ་ལེགས་བསྡུ་བའི་བྲེལ་འཚུབ་ཀྱི་རྣམ་པའི་ཁེངས་འདུག
        རྒྱུས་ལོན་པ་ལྟར་ན། བཙན་ལྷའི་སིལ་རའི་རྒྱ་ཁྱོན་ཇེ་ཆེར་སོང་བ་དང་བསྟུན་ནས། ས་གནས་སིལ་ཏོག་ཐོན་རྫས་དང་ཁྱད་པར་ཀུ་ཤུ་གཙོ་བོ་ཡིན་པའི་ཁྱད་ལྡན་སིལ་ཏོག་ཐོན་རྫས་མང་པོ་རྒྱུན་ཆད་མེད་པར་ཚོང་རར་བཀྲམས་ཡོད། ཉེ་བའི་ལོ་ཤས་རིང་། སྤུས་ཀ་ལེགས་པའི་བཙན་ལྷའི་སིལ་ཏོག་ཐོན་རྫས་ཕྱི་ཕྱོགས་སུ་འཚོང་ཐུབ་པའི་ཆེད་དུ། བཙན་ལྷ་རྫོང་སྲིད་གཞུང་གིས་ལོ་རེར་བརྒྱུད་ལམ་སྣ་ཚོགས་ལ་བརྟེན་ནས་ཞིང་ལས་ཁྱད་ལྡན་ཐོན་རྫས་ཕྱིར་འཚོང་གི་སྟེགས་བུ་བསྐྲུན་ནས། བཙན་ལྷའི་ཀུ་ཤུ་དང་རྒྱ་སེ་མེ་ཏོག སྲེའུ་དམར་སོགས་བཙན་ལྷའི་ཞིང་ལས་ཐོན་རྫས་མང་པོ་རྒྱལ་ཡོངས་སུ་བཙོང་སྟེ། ཞིང་བ་རྣམས་ཕྱུག་འགྱུར་གྱི་ལམ་ཆེན་བསྐྲུན་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1