2014ལོའི་གཅན་ཚའི་མདའ་རྩེད་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་རྩལ་འགྲན་ཚོགས་ དང་མདའ་སྟོན་རིག་གནས་དུས་ཆེན་སྐབས་གསུམ་པ་གཅན་ཚ་རྫོང་དུ་སྤེལ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-11


 
          རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱིས་ཆོག་མཆན་བཀོད་པ་ལྟར། ཀྲུང་གོའི་མདའ་འཕེན་མཐུན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པ་དང་། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་དང་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་། གཅན་ཚ་རྫོང་ཏང་ཨུ། རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས་སྒྲུབ་འགན་ཁུར་བའི་2014ལོའི་གཅན་ཚའི་མདའ་རྩེད་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་རྩལ་འགྲན་ཚོགས་དང་མདའ་སྟོན་རིག་གནས་དུས་ཆེན་སྐབས་གསུམ་པ་དེ་སྤྱི་ཟླ་9བའི་ཚེས་10ཉིན་ཀྲུང་གོའི་མི་རིགས་མདའ་རྩེད་ལུས་རྩལ་ཀྱི་ཕ་ས་རུ་འབོད་པའི་གཅན་ཚ་རྫོང་གི་མར་ཁུ་ཐང་གྲོང་རྡལ་ནས་བསྡུས།
 
               ཐེངས་འདིའི་མདའ་རྩལ་འགྲན་ཚོགས་ལ་རྒྱལ་ཁབ་ཕྱི་ནང་ནས་ཡོང་བའི་མདའ་བ་1561གིས་གྲུབ་པའི་མདའ་འཕེན་རུ་ཁག་121ཞུགས་ཡོད་པ་དང་། ཞིང་ཆེན་ནང་ཁུལ་གྱི་མདའ་འཕེན་རུ་ཁག་91བཅས་ཞུགས་ཡོད་ལ། རྒྱལ་ཁབ་ཕྱི་ནང་གི་མདའ་རྩལ་ལ་དགའ་བ་རྣམས་ཀྱིས་ཕན་ཚུན་བརྗེ་རེས་དང་མཉམ་དུ་དཔྱད་བསྡུར་བྱེད་པའི་སྟེགས་བུ་ཞིག་འདོན་སྤྲོད་བྱེད་པ་དམིགས་ཡུལ་དུ་བཟུང་ནས་མི་རྣམས་ཀྱིས་མདའ་རྩལ་སྦྱོང་བསྡར་བྱེད་པའི་དུས་མཚུངས་སུ། མི་རིགས་ཀྱི་མདའ་རྩལ་སྦྱོང་བརྡར་གྱི་གདོད་མའི་རྣམ་པ་དེ་ལོངས་སུ་སྤྱོད་པར་བྱེད་པ་དེ་ཡིན། 
 
              ཐེངས་འདིའི་འགྲན་ཚོགས་ལ་མདའ་བ་20ལས་གྲུབ་པའི་རྭ་གཞུ་རུ་ཁག་དང་སྨྱུག་གཞུ་རུ་ཁག  ལྕགས་གཞུ་རུ་ཁག དེ་མིན་མདའ་བ་5ལས་གྲུབ་པའི་རྭ་གཞུ་རུ་ཁག་དང་སྨྱུག་གཞུ་རུ་ཁག་བཅས་ཚན་ཁག་ལྔར་བགར་ནས་འགྲན་སྡུར་བྱེད་རྒྱུ་ཡིན་ལ། ཟླ་འདིའི་ཚེས་13ཉིན་འགྲན་སྡུར་ཡོངས་སུ་མཇུག་སྒྲིལ་རྒྱུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1