ཡར་ཀླུང་གཙང་པོའི་འཁྱིལ་མཚོ་རིམ་བཞིན་རྒྱུན་ལྡན་ལྟར་རྒྱུག་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 10-23



         ཟླ་10ཚེས་21ཉིན། གསར་འགོད་པར་བོད་ལྗོངས་རྒྱ་ལ་གྲོང་ཚོའི་ཡར་ཀླུང་གཙང་པོའི་འཁྱིལ་མཚོའི་འཕྲལ་སྡོམ་ཉེན་སེལ་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར། ཡར་ཀླུང་གཙང་པོའི་འཁྱིལ་མཚོ་ཆགས་སའི་ཆུ་བོ་རིམ་བཞིན་རྒྱུན་ལྡན་ལྟར་རྒྱུག་པའི་རྣམ་པ་ཐོན་ཡོད། མེ་ཏོག་ཏུ་རྒྱུག་པའི་ཆུ་བོ་རྩ་བའི་ཆར་རྒྱུན་ལྡན་ལྟར་སླར་གསོ་བྱུང་ཡོད་ལ་མི་སྣ་ཤི་རྨས་དང་ཚབས་ཆེའི་གནོད་འཚེ་བྱུང་ཚུལ་གྱི་སྙན་ཞུ་འབྱོར་མེད། སླད་ཕྱིན་ལས་དོན་གྱི་གཙོ་གནད་དེ་ཉམས་ཁ་འགོག་ཟོན་དང་གེགས་རྗེས་རོགས་སྐྱོབ་ལ་བསྒྱུར་རྒྱུ་ཡིན་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། འཁྱིལ་མཚོ་རང་བཞིན་དུ་རྒྱུག་པར་གཞིགས་ནས་ཉིང་ཁྲི་གྲོང་ཁྱེར་ཕྱོགས་ཀྱིས་དུས་ཐོག་ཏུ་ཉེན་སེལ་གེགས་སེལ་གྱི་སྟོབས་ཤུགས་ལེགས་སྒྲིག་བྱས་ནས། ལས་ཀའི་གཙོ་གནད་དེ་གེགས་རྗེས་བསྐྱར་སྐྲུན་ཐད་བཞག་ཡོད་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1