དཀར་མཛེས་ཁུལ་ཡིག་གཟུགས་མཛའ་འབྲེལ་ཚོགས་འདུ་བྲག་འགོ་རྫོང་དུ་འཚོགས་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 10-24


          ཟླ་10ཚེས་20ཉིན་གྱི་སྔ་དྲོར། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཡིག་གཟུགས་མཁས་པའི་མཐུན་ཚོགས་དང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྒན་རབས་ཡིག་གཟུགས་ཞིབ་འཇུག་ཁང་། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བྲག་འགོ་རྫོང་ཡིག་གཟུགས་མཐུན་ཚོགས་བཅས་ཀྱི་ཡིག་གཟུགས་མཛའ་འབྲེལ་ཚོགས་འདུ་བྲག་འགོ་རྫོང་གི་གློག་འོད་སྤོ་ལོ་ར་བར་གཟབ་རྒྱས་ངང་འགོ་ཚུགས་ཤིང་། ཡིག་གཟུགས་འགྲེམས་ཚོགས་ཚེས་21ཉིན་གྱི་ཕྱི་དྲོའི་བར་སྤེལ་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འགྲེམས་ཚོགས་ནང་ད་དུང་ཡིག་གཟུགས་ལ་དགའ་པོ་བྱེད་མཁན་དང་སློབ་གྲྭ་ཆུང་འབྲིང་གི་སློབ་མ་ཞུགས་ཡོད་པ་དང་། ཚོགས་ཞུགས་མི་སྣ་ཁྱོན་300ལྷག་ཙམ་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1