ལི་ཐང་རྫོང་གིས་གཞོན་ནུ་ཚོར་ལས་ལམ་གསར་གཏོད་དང་བྱ་གཞག་སྐྲུན་པའི་ལས་སྟེགས་བཟོས།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 10-24



    ད་ལོ་ནས་བཟུང་ལི་ཐང་རྫོང་གིས་གཞོན་ནུ་ཚོར་དགེ་མཚན་ལྡན་ཞིང་། སྐྱོན་བྲལ་དང་ཕུལ་བྱུང་གི་ལས་ལམ་གསར་གཏོད་དང་བྱ་གཞག་སྐྲུན་སའི་ཁོར་ཡུག་བསྐྲུན་ནས། གཞོན་ནུ་ཚོར་མ་སྐུལ་དང་བླངས་ཀྱིས་ཕ་ཡུལ་དུ་ཕྱིར་ལོག་ནས་ལས་ལམ་གསར་གཏོད་བྱེད་པའི་འདུ་ཤེས་ཆགས་སུ་བཅུག་སྟེ་དབུལ་ཐར་འགག་སྒྲོལ་གྱི་ལས་ཀར་སྐུལ་འདེད་ཧུར་ཐག་བཏང་བ་རེད།
    ལས་ལམ་གསར་གཏོད་དང་བྱ་གཞག་སྐྲུན་པའི་རྣམ་པ་ཆགས། ལས་ལམ་གསར་གཏོད་དང་བྱ་གཞག་སྐྲུན་པའི་གཞོན་ནུ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་པ་དང་། ཞིང་ཆེན་དང་། ཁུལ། རྫོང་བཅས་རིམ་པ་གསུམ་པོའི་ལས་ལམ་གསར་གཏོད་དང་བྱ་གཞག་སྐྲུན་པའི་ཕུལ་བྱུང་སློབ་དཔོན་དང་ཕུལ་བྱུང་གཞོན་ནུ8གདན་འདྲེན་ཞུས་ནས། ལས་ལམ་གསར་གཏོད་དང་བྱ་གཞག་སྐྲུན་པའི་གསོ་སྦྱོང་ཐེངས12དང་། གློག་རྡུལ་ཚོང་དོན་གྱི་གསོ་སྦྱོང་སྐབས6 ལས་ལམ་གསར་གཏོད་དང་བྱ་གཞག་གསར་སྐྲུན་གྱི་ལོ་རྒྱུས་ཁྱབ་སྤེལ་ཐེངས་མང་བཏང་ཞིང་མི600ལྷག་གསོ་སྦྱོང་ནང་ཞུགས་པ་དང་ཡུལ་གཞན་དུ་གཞོན་ནུ་གསོ་སྦྱོང་བྱེད་སར་ཐེངས5སོང་ཞིང་མི35 གསོ་སྦྱོང་ནང་ཞུགས་ནས་རྒྱ་ཆེ་བའི་གཞོན་ནུ་ཚོར་མ་སྐུལ་དང་བླངས་ཀྱིས་ལས་ལམ་གསར་གཏོད་དང་བྱ་གཞག་སྐྲུན་པར་སྐུལ་མ་བཏང་བ་དང་ཆབས་ཅིག གཞོན་ནུ་ཁེ་ལས་པའི་མཐུན་ཚོགས་དང་ཐང་ག་སྒྱུ་རྩལ་མཐུན་ཚོགས་སོགས་སྒྲིག་འཛུགས་བྱས་པ་རེད།
    ལས་ལམ་གསར་གཏོད་དང་བྱ་གཞག་སྐྲུན་པའི་ལས་སྟེགས་བཟོས། བྱ་གཞག་གསར་སྐྲུན་ལ་མཐུན་རྐྱེན་འདོན་སའི་རྟེན་གཞི་བཙུགས་ཤིང་། རྟེན་གཞིའི་གློག་རྡུལ་ཚོང་དོན་དང་། ལས་ལམ་གསར་གཏོད་དང་བྱ་གཞག་གསར་སྐྲུན། བྱ་གཞག་ལམ་དུ་ལྷོང་བ་བཅས་ཀྱི་ཕན་ནུས་འདོན་སྤེལ་གང་ལེགས་བྱེད་པ། རྟེན་གཞིའི་འབྲེལ་ཡོད་སྲིད་ཇུས་ཞིབ་འཇུག་དང་གཏན་འབེབས་བྱས་ཏེ། རྟེན་གཞིའི་ཁྲོད་དུ་ལས་ལམ་གསར་གཏོད་བྱེད་འདོད་ཡོད་པའི་ན་གཞོན་ཁེ་ལས11ཞུགས་ཤིང་ཤེས་ལྡན་མི་སྣ་གཅིག་འདུས་ཀྱི་ཕན་འབྲས་རགས་ཙམ་མངོན་པ་དང་ཆབས་ཅིག སྔོན་མར་ཡོད་པའི་གཞོན་ནུའི་ཁྱིམ་ཚང་གི་གནས་མཆོག་དཔེ་ཀློག་ཁང་གི་གཞི་ཁྱོན་རྒྱ་སྐྱེད་བཏང་བ་དང་། ཐང་གའི་སྒྱུ་རྩལ་ཁྲིད་སྦྱོང་ཁང་བཙུགས་པ་རེད།
    དངུལ་རྩ་སྡུད་པའི་དཀའ་གནད་བསྒྲལ། གཞོན་ནུ་ཚོར་ལས་ལམ་གསར་གཏོད་བྱེད་ཡས་ཀྱི་དངུལ་རྩ་མི་འདང་བ་དང་། མ་དངུལ་སྡུད་དཀའ་བའི་འགག་མདོའི་གནད་དོན་ལ་དམིགས་ཏེ། དངུལ་བུན་གཏོང་ལེན་གྱི་ཉེན་ཁ་དབྱེ་བའི་ཐེབས་རྩའི་ཆེད་སྤྱོད་བཅོལ་དངུལ་གྱི་རྩིས་ཐོ་དང་། ཉེན་ཁ་དབྱེ་བའི་ཐེབས་རྩ། ཕྱོགས་གསུམ་པ་དང་མཉམ་ལས་བྱེད་པའི་གྲོས་གཞི་བཙུགས་པར་མ་ཟད། འབྲེལ་ཡོད་སྲིད་ཇུས་དང་ཐོན་ཁུངས་ཀྱི་བེད་སྤྱོད་གང་ལེགས་བྱས་ཏེ། སློབ་ཆེན་སློབ་མའི་ལས་ལམ་གསར་གཏོད་ཀྱི་དངུལ་བུན་དང་། ལས་ལམ་གསར་གཏོད་ཀྱི་བྱ་དགའི་མ་དངུལ་ཟུང་འབྲེལ་དམ་ཟབ་བྱེད་ཅིང་། ཐུན་མོང་དུ་རྒྱ་ཆེ་བའི་ལས་སྒུག་གཞོན་ནུས་ལས་ལམ་གསར་གཏོད་བྱེད་པའི་ལས་ཀའི་ནང་རྐྱེན་ལ་སྐུལ་སྤེལ་བཏང་ནས། རྫོང་ཡོངས་ཀྱི་གཞོན་ནུ་ཚོར་ལས་ལམ་གསར་གཏོད་བྱེད་སའི་ལས་སྟེགས་བསྐྲུན་ཏེ་མིག་སྔའི་བར་དུ་སློབ་ཆེན་སློབ་མར་ལས་ལམ་གསར་གཏོད་ཀྱི་དངུལ་བུན་སྒོར་ཁྲི20གཏོང་སྤྲོད་བྱས་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1