སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་སྒྱུ་རྩལ་དུས་སྟོན་སྐབས་བརྒྱད་པ་ཚོགས་འགོ་ཚུགས།

རྩོམ་སྒྲིག་པ།ཡོང་ཁུངས།རྔ་བ་བོད་སྐད་བརྙན་འཕྲིན། སྤེལ་དུས། 10-25


        སྤྱི་ཟླ་10པའིཚེས་23ཉིན། སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་སྒྱུ་རྩལ་དུས་སྟོན་སྐབས་བརྒྱད་པ་དང་དབྱི་པེན་རྒྱལ་སྤྱིའི་མི་རིགས་གོམས་སྲོལ་ཡུལ་སྐོར་དུས་སྟོན་སྐབས་དང་པོ་དབྱི་པེན་འབྲི་ཆུའི་སྤྱི་གླིང་ནས་གཟབ་རྒྱས་ངང་སྤེལ། 

        མཛད་སྒོར་ལྗོན་པའི་རླུང་བུ་དང་རིགས་ཀྱི་དབྱངས་རྟ། འཆམ་མཐུན། ལང་ཚོ། འཇིག་རྟེན་བཅས་ལེའུ་ལྔ་བཀོད་སྒྲིག་བྱས་འདུག་ལ། རང་ཞིང་གི་གྲངས་ཉུང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཡུལ་སྲོལ་རིག་གནས་ཀྱི་ནང་དོན་ཕུན་སུམ་ཚོགས་པ་ལྡན།

        དེ་ལས་གཞན་འཇིག་རྟེན་ཅེས་པའི་ལེའུར་རྒྱུད་གཅིག་ལམ་གཅིག་ཏུ་གནས་པའི་རྒྱལ་ཁབ་ཁག་ཀྱང་ཕེབས་ཡོད་ཏེ། ཐེ་ལན་ཊི་དང་ཕོ་ལན། ལི་ཐའོ་ཝན་སོགས་རྒྱལ་ཁབ་ཀྱི་སྒྱུ་རྩལ་ཚོགས་པ་དག་གིས་ས་གནས་རང་གི་ཁྱད་ཆོས་ཀྱི་སྒྱུ་རྩལ་འཁྲབ་སྟོན་བྱས།

        སྐབས་འདིའི་གྲངས་ཉུང་མི་རིགས་སྒྱུ་རྩལ་དུས་སྟོན་དུ་དཀར་མཛེས་དང་རྔ་བ། ལིང་ཧྲན་བཅས་གྲངས་ཉུང་མི་རིགས་ཀྱི་རང་སྐྱོང་ཁུལ་གསུམ་དང་། དབྱི་པེན། ཁྲིན་ཏུའུ། ཕན་ཀྲི་ཧྭ། ལུའུ་ཀྲུའུ། ལུ་ཧྲན། མེན་ཡང་། གཡག་རྔ་སོགས་གྲངས་མི་རིགས་ཁ་འཐོར་དུ་གནས་པའི་ས་གནས་བདུན། ལྷོ་ནུབ་མི་རིགས་སློབ་ཆེན། སི་ཁྲོན་སྒྱུ་རྩལ་ལས་རིགས་སློབ་གླིང་། སི་ཁྲོན་མི་རིགས་སློབ་གླིང་། རྔ་བའི་དགེ་ཐོན་སློབ་གླིང་། ཞི་ཁྲང་སློབ་གླིང་སོགས་ཆེད་ལས་སྒྱུ་རྩལ་སློབ་གླིང་ལྔའི་གྲངས་ཉུང་མི་རིགས་ཀྱི་གླུ་གར་ལེ་ཚན་གྱ་ནོམ་ཞིག་གིས་གསོལ་སྟོན་བཤམས་ཡོད་པ་རེད།

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1