བོད་ལྗོངས་ཀྱི་རྒྱལ་ཁབ་བྱེ་ཐང་སྤྱི་གླིང་ཐོག་མ་དེ་འཛུགས་སྐྲུན་བྱེད་བཞིན་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 10-26


         བོད་ལྗོངས་ཀྱི་རྒྱལ་ཁབ་བྱེ་ཐང་སྤྱི་གླིང་ཐོག་མ་སྟེ། གྲ་ནང་རྒྱལ་ཁབ་བྱེ་ཐང་སྤྱི་གླིང་འཛུགས་སྐྲུན་བྱེད་བཞིན་ཡོད་པ་དང་མིག་སྔར་སྤྱི་གླིང་གྱི་རྒྱལ་སྒོ་དང་འགྲེམས་ཚོང་ལྟེ་གནས་ཀྱི་ལས་གྲྭ་གཙོ་བོ་ལེགས་གྲུབ་ཟིན་པ་དང་། ཁྱམས་ཟམ་གྱི་རྨང་གཞིའི་འཛུགས་སྐྲུན་བྱེད་མགོ་བརྩམས་ཡོད། སྤྱི་གླིང་དེ་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་གྲ་རབ་གྲོང་ཚོར་གནས་ཡོད་ཅིང་། སྣོད་བཅུད་གསོ་སྐྱོང་ཁུལ་དང་། ཚན་རིག་ཁྱབ་གདལ་དྲིལ་བསྒྲགས་སློབ་གསོའི་ཁུལ། བྱེ་ཐང་ཚན་རྩལ་ཁང་། བྱེ་སྐྱེས་རྩི་ཤིང་གླིང་། བྱེ་ཐང་སྣོད་བཅུད་བཅོས་སྐྱོང་དཔེ་སྟོན་གླིང་། སྣོད་བཅུད་ཡུལ་སྐོར་ངལ་གསོའི་ཁུལ་སོགས་ལས་གྲུབ་པ་དང་། དེའི་ནང་གི་སྣོད་བཅུད་ཡུལ་སྐོར་ངལ་གསོའི་ཁུལ་དུ་བྱེ་ཐང་ཉམས་ལེན་དགའ་ཚལ་དང་།  སྐར་ཚོགས་ཀྱིས་རྒྱན་པའི་ནམ་མཁའ་པར་ལེན་རྟེན་གཞི། ཆུ་ཐོག་དགའ་ཚལ་བཅས་གསུམ་དུ་ཕྱེ་ཡོད། སྔོན་དཔག་བྱས་ན་གྲ་ནང་རྒྱལ་ཁབ་བྱེ་ཐང་སྤྱི་གླིང་གི་དུས་ཐེངས་དང་པོའི་ལས་གྲྭའི་རྣམ་གྲངས་སང་ལོའི་ཟླ་7པར་བསྐྲུན་ཟིན་རྒྱུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1