བོད་ལྗོངས་ཀྱིས་དེང་རབས་རི་མོ་མཁས་ཅན་ཨ་མདོ་བྱམས་པའི་རི་མོའི་བརྩམས་ཆོས་འགྲེམས་སྟོན་བྱས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-12


 
ཨ་མདོ་བྱམས་པའི་རི་མོའི་བརྩམས་ཆོས་《ཀུ་ཤུའི་ལྡུམ་ར།》
                 བོད་ཀྱི་དེང་རབས་རི་མོ་མཁས་དབང་ཨ་མདོ་བྱམས་པའི་རི་མོའི་བརྩམས་ཆོས་དག་བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་འགྲེམས་སྟོན་བྱས་ཡོད་ལ།  ཨ་མདོ་བྱམས་པ་ནི་བོད་རིགས་སྲོལ་རྒྱུན་གྱི་རི་མོའི་དངོས་བྲིས་ལུགས་ཀྱི་སྲོལ་གཏོད་མཁན་གྱི་ཡ་གྱལ་ཞིག་ཡིན་པ་དང་།   དངོས་བྲིས་ལུགས་ཀྱི་རི་མོའི་ཁྱད་ཆོས་གཙོ་བོ་ནི་མི་སྣ་དང་། ལྷ་སྐུའི་བཞེངས་སྐྲུན་གསོན་ཉམས་ལྡན་པ།  ཚོན་མདངས་སྣུམ་ལ་ཞིབ་ཚགས་པ། མི་སྣའི་ཁྱད་ཆོས་འབུར་དུ་ཐོན་པ།  སྤུས་ཚད་ལེགས་པ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད།
 
གཟིགས་སྐོར་བས་འགྲེམས་སྟོན་ཁང་ནང་ཨ་མདོ་བྱམས་པ་འཚོ་ཞུགས་སྐབས་བེད་སྤྱད་མྱོང་བའི་སྲོལ་རྒྱུན་གྱི་གཏེར་རྡོའི་ཚོན་རྒྱུར་ལྟ་བཞིན་པ། 

 

གཟིགས་སྐོར་བས་འགྲེམས་སྟོན་ཁང་ནང་ཨ་མདོ་བྱམས་པའི་བརྩམས་ཆོས་ལ་ལྟ་བཞིན་པ།

 
གཟིགས་སྐོར་བ་ཞིག་གིས་ཁ་པར་ནས་ཨ་མདོ་བྱམས་པའི་རི་མོའི་བརྩམས་ཆོས་པར་རྒྱག་བཞིན་པ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1