ཁྲང་ཆིང་ཝང་ཀྲོའུ་ཡི་འབྲི་ཆུའི་ནང་དུ་ལྷུངས་པའི་སྤྱི་སྤྱོད་རླངས་འཁོར་ལ་ཐོག་མའི་ཞིབ་བསྡུར་བྱས་པས་མི་15གར་སོང་ཆ་མེད་དུ་གྱུར།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 10-31


     ཟླ་10ཚེས་28ཉིན་གྱི་ཆུ་ཚོད་10དང་སྐར་མ་08ཐོག སྤྱི་སྤྱོད་རླངས་འཁོར་ཞིག་ཁྲང་ཆིང་ཝང་ཀྲོའུ་འབྲི་ཆུའི་ཟམ་པ་གཉིས་པ་ནས་ཆུ་བོའི་ནང་དུ་ལྷུངས་པ་རེད། མིག་སྔར་ཐོག་མའི་ཞིབ་བསྡུར་བྱས་པ་ལས་མི་15གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། དུས་མཉམ་དུ་ཆུ་བོའི་ནང་ལྷུངས་པའི་སྤྱི་སྤྱོད་རླངས་འཁོར་གྱི་གནས་གཏན་འཁེལ་བྱས་ཡོད།
    གསར་འགོད་པས་ཡུལ་དངོས་ཀྱི་རོགས་སྐྱོབ་མཛུན་སྟོན་པུའུ་ནས་ཤེས་རྟོགས་བྱུང་གསལ། སྤྱི་བདེ་ལས་ཁུངས་ཀྱིས་བརྟག་དཔྱད་བྱས་པ་དང་འབྲེལ། ད་དུང་ཉེན་བརྡ་ཞུས་པའི་གནས་ཚུལ་ལ་ཕྱོགས་བསྡུས་བྱས་པ་བརྒྱུད། ཐོག་མའི་ཞིབ་བསྡུར་ལས་མི་15(ཁ་ལོ་བ་1)གར་སོང་ཆ་མེད་དུ་གྱུར་ཡོད་པ་གཏན་འཁེལ་བྱས། ཝང་ཀྲོའུ་ཁུལ་གྱིས་འཕྲལ་བསྟུན་སྔོན་དཔག་བྱས་པར་གཞིགས་ནས། གར་སོང་ཆ་མེད་དུ་གྱུར་བའི་མིའི་མཉེན་ཉེར་སེམས་གསོ་སོགས་རྗེས་འཇུག་གི་ལས་ཀ་བྱེད་འགོ་བརྩམས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1