ཧིན་རྡུ་ཉི་ཞི་ཡའི་དཔོན་པོས་རྐྱེན་འཕྲད་གནམ་གྲུའི་ནང་གི་མི་ཚང་མ་རྐྱེན་ལམ་དུ་ཤོར་ཡོད་ཉེན་ཆེ་བར་བརྗོད།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 10-31


     ཟླ་10ཚེས་29ཉིན། ཧིན་རྡུ་ཉི་ཞི་ཡའི་རྒྱལ་ཁབ་མྱུར་སྐྱོབ་ཅུས་ཀྱི་དཔོན་པོས། རྐྱེན་ངན་འཕྲད་པའི་ཧིན་རྡུ་ཉི་ཞིའི་སེང་གེ་མཁའ་འགྲུལ་ཀུང་སིའི་འགྲུལ་སྐྱེལ་གནམ་གྲུ་ཐོག་གི་མི་189ཚང་མ་རྐྱེན་ལམ་དུ་ཤོར་ཡོད་ཉེན་ཆེ་བར་བརྗོད་ཡོད།
     ཧིན་རྡུ་ཉི་ཞི་ཡ་མྱུར་སྐྱོབ་ཅུས་ཀྱི་མྱུར་སྐྱོབ་ཀྲུའུ་རེན་པང་སུའུ་གཡོད་ཨ་ཅི་ཡིས། ཉིན་དེར་ཡ་ཅ་ཏ་རུ་སྤེལ་བའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཐོག་བརྗོད་དོན། མིག་སྔར། མྱུར་སྐྱོབ་ལས་ཀ་གཙོ་བོ་ནི་ནུས་ཤུགས་ཅི་ཡོད་ཀྱིས་སྲོག་ཤོར་མེད་མཁན་འཚོལ་རྒྱུ་ཡིན་པ་དང་། མྱུར་སྐྱོབ་མི་སྣས་ཆ་མི་ཚང་བའི་བེམ་པོ་འགའ་ཆུ་ལས་བཏོན་ཡོད་པ་མ་ཟད། བེམ་པོ་དག་ཧིན་རྡུ་ཉི་ཞི་ཡའི་རྒྱལ་ཁབ་ཉེན་རྟོག་སྨན་ཁང་དུ་བསྐྱལ་ནས་ཐོབ་ཐང་ཞིབ་བཤེར་བྱ་རྒྱུ་རེད། མྱུར་སྐྱོབ་མི་སྣས་ད་བར་དུ་སྲོག་ཤོར་མེད་མཁན་གཅིག་ཀྱང་རྙེད་མ་སོང་།  ཁོས"དུས་ཡུན་ཀྱང་རིང་པོ་འགོར་སོང་བས། ངས་སྔོན་དཔག་བྱས་ན་དོན་རྐྱེན་འདིའི་ཁྲོད་ཚང་མ་རྐྱེན་ལམ་དུ་ཤོར་ཡོད་རྒྱུ་རེད"ཅེས་བཤད། 
     མི་189ཡོད་པའི་སེང་གེ་མཁའ་འགྲུལ་གནམ་གྲུ་དེ་ཚེས་29ཉིན་གྱི་སྔ་དྲོའི་ཆུ་ཚོད་6དང་སྐར་མ་20ཐོག་ཡ་ཅ་ཏ་ནས་པང་ཀ་ཝུའུ་ལི་ཏུང་ཞིང་ཆེན་དུ་འཕུར་བ་དང་། འཕུར་ནས་སྐར་མ་13གྱི་རྗེས་སུ་ས་ངོས་དང་འབྲེལ་བ་ཆད་པ་དང་། དེར་མཐུད་ནས་གནམ་གྲུ་མཚོ་ལ་ཟགས་པ་གཏན་ཁེལ་བྱུང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1