ཟུང་ཆུ་རྫོང་གིས་སྐྱེ་ཁམས་ལས་གནས་ཀྱི་ནུས་པ་འདོན་པར་འགན་ལེན་བྱས།

འོད་གསལ་མཚོས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 11-01



     ད་ལོ་ནས་བཟུང་། ཟུང་ཆུ་རྫོང་གིས་སྐྱེ་ཁམས་ནགས་སྲུང་བ་དང་རྩྭ་ཐང་བདག་སྐྱོང་བ། བརླན་ས་བདག་སྐྱོང་བ། ཆུ་ལམ་དོ་དམ་སྲུང་སྐྱོང་བའི་ལས་གནས་ཀྱི་འགན་འཁྲི་ལྟར། དམིགས་ས་ཡོད་པའི་སྒོས་ལས་ཞུགས་སྔོན་གྱི་གསོ་སྦྱོང་སྤེལ་བ་དང་། སྤྱི་ཕན་རང་བཞིན་གྱི་ལས་གནས་ལ་རམ་འདེགས་བྱས་ནས་དོ་དམ་སྲུང་སྐྱོང་པས་ལྗང་སྒྱུར་ནགས་བཟོ་དང་ནགས་ཚལ་དོ་དམ་སྲུང་སྐྱོང་། རྩྭ་ཐང་དང་བརླན་ས་སྲུང་སྐྱོང་། གཙང་བོ་དང་མཚེའུ་དོ་དམ་སྲུང་སྐྱོང་གི་ཁྲིམས་ལུགས་སྲིད་ཇུས་དང་ལས་སྒོའི་ཤེས་བྱ་བཅས་ཁོང་དུ་ཆུད་པ་བྱས་ནས། བདག་སྐྱོང་གི་སྤུས་ཚད་མཐོ་བར་འགན་ལེན་བྱས།
    རྫོང་དེས་གྲོང་གསེབ་ཀྱི་ལྟ་སྐུལ་དོ་དམ་དང་གྲུབ་འབྲས་དཔྱད་ཞིབ། ལས་གནས་ཕྱིར་འཐེན་བཅས་ཀྱི་ལམ་སྲོལ་དོན་འཁྱོལ་བྱས་པ་དང་། ངལ་རྩོལ་གྱི་ཐོབ་ཆ་དང་ཧུར་བརྩོན་ཅན་ལ་གཟེངས་བསྟོད་དང་ལེ་ལོ་ཅན་ལ་ཆད་པ་གཅོད་པའི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། 《བརླན་སའི་སྐྱེ་ཁམས་དོ་དམ་སྲུང་སྐྱོང་གི་དཔྱད་ཞིབ་དང་སྐར་གྲངས་དཔྱད་བསྡུར་གྱི་རེའུ་མིག》སོགས་ཀྱི་དཔྱད་ཞིབ་རེའུ་མིག་བཟོ་འགོད་བྱས་ནས། ཟླ་རེའི་ཕན་འབྲས་དཔྱད་ཞིབ་དང་ལོ་ཧྲིལ་བོའི་གྲུབ་འབྲས་དཔྱད་ཞིབ་ནན་ཏན་གྱིས་དོན་འཁྱོལ་བྱས་པ་དང་། ལས་ཀའི་ཁྲོད་འགན་འཁྲི་མི་སྒྲུབ་པ་སོགས་ཀྱི་མི་སྣ་ལ་ངལ་གསོ་བྱེད་དུ་བཅུག་ནས། ལས་གནས་སུ་ཡོད་པའི་མི་སྣའི་ལས་ཀའི་ཧུར་སེམས་རང་བཞིན་དང་དབུལ་བྲལ་གྱི་རང་འགུལ་རང་བཞིན་ལ་སྐུལ་སློང་བཏང་། དུས་མཚུངས་སུ། དུས་ཚིགས་ཀྱི་འགྱུར་ལྡོག་དང་དོ་དམ་སྲུང་སྐྱོང་གི་གཙོ་གནད་སོགས་ལ་གཞིགས་ནས། ནགས་ཚལ་དང་རྩྭ་ཐང(བརླན་ས)། གཙང་བོ་དང་མཚེའུ་དོ་དམ་སྲུང་སྐྱོང་པའི་མི་གྲངས་ཐད་ལེགས་སྒྲིག་བྱས་ཤིང་། ལས་གནས་བཀོད་སྒྲིག་ལེགས་སུ་བཏང་བ་དང་སྤྱི་ཕན་རང་བཞིན་གྱི་ལས་གནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་འགན་ལེན་བྱས་སོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1