བོད་ལྗོངས་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་གི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་གཉེར་འགོ་ཚུགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-16


             ཀྲུང་གོ་སྒྱུ་རྩལ་ཞིབ་འཇུག་ཁང་དང་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གིས་གཙོ་གཉེར་བྱས་པའི་2014ལོའི་བོད་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་ཉེ་ལམ་ལྷ་སར་འགོ་ཚུགས། ལྗོངས་ཡོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་འབྲེལ་ཡོད་ལས་གཞི་སྲུང་སྐྱོང་སྡེ་ཚན་དང་ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་7གྱི་རྫོང་དང་གྲོང་ཁུལ་74ཡི་མངོན་མིན་རིག་གནས་ཀྱི་ལས་དོན་མི་སྣ་གསོ་སྦྱོང་ནང་ཞུགས་ཡོད།
 
           ཐེངས་འདིའི་གསོ་སྦྱོང་ཁྲོད་ཀྲུང་གོ་སྒྱུ་རྩལ་ཞིབ་འཇུག་ཁང་གི་ཆེད་ལས་མཁས་དབང་བདུན་གྱིས་བོད་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་ལས་དོན་མི་སྣར་སློབ་ཁྲིད་བྱ་རྒྱུ་རེད། སློབ་ཁྲིད་གནང་མཁན་གྱི་ཆེད་ལས་མཁས་དབང་། ཀྲུང་གོ་སྒྱུ་རྩལ་ཞིབ་འཇུག་ཁང་ཚན་ཞིབ་ཁྲུའུ་ཡི་ཁྲུའུ་ཀྲང་དབྱང་པིན་གྱིས་བོད་ལྗོངས་ནི་མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་ཁུངས་ཆེ་ཤོས་ཤིག་ཡིན་པས་ཐེངས་འདིའི་གསོ་སྦྱོང་སྤེལ་རེས་གཏིང་ཟབ་བྱས་པ་བརྒྱུད་ཐུན་མོང་ཐོག་བོད་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་སྲུང་སྐྱོང་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པའི་རེ་བ་ཡོད་ཅེས་གསུངས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1