དུས་རབས་གསར་པའི་བུད་མེད་ཀྱི་ལེའུ་བརྩམ་དགོས།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-02



—— ཀྲུང་གོའི་བུད་མེད་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་འགོ་ཚུགས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུ།  
 
     ཀྲུང་གོའི་བུད་མེད་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་པེ་ཅིང་དུ་འགོ་ཚུགས་ཤིང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་། ད་ཐེངས་ཀྱི་ཚོགས་འདུ་གཟབ་རྒྱས་ཀྱིས་ཀྲུང་གོའི་བུད་མེད་དུང་ཕྱུར་མང་པོས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་འཐབ་ལྷོད་མེད་བྱ་རྒྱུར་སྔར་བས་ལྕག་སྐུལ་ཐེབས་ངེས་རེད། ང་ཚོས་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ་རྒྱུ་ཡིན། 
     ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བུད་མེད་ཀྱི་བྱ་གཞག་དང་བུད་མེད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་ཕོ་མོ་འདྲ་མཉམ་དང་བུད་མེད་ཀྱི་ཕྱོགས་ཡོངས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཏང་དང་རྒྱལ་ཁབ་བྱ་གཞག་གི་སྤྱི་ཡོངས་ཁྲོད་བཞག་ནས་འཆར་འགོད་གནང་ཡོད། ཏང་ཀྲུང་དབྱང་གིས་ཏང་གི་མང་ཚོགས་ཚོགས་པའི་ལས་དོན་ཚོགས་འདུ་འཚོགས་པ་ནི་ཏང་གི་ལོ་རྒྱུས་ཐོག་ཨང་དང་པོ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས《རྒྱལ་ཡོངས་ཀྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་སྒྱུར་བཅོས་ཇུས་གཞིར》མཛུབ་ཁྲིད་དང་ཞིབ་བཤེར་གཏན་འབེབས་གནང་ནས་བུད་མེད་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང་། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་སྒྱུར་བཅོས་ཟབ་གཏོང་། བུད་མེད་ཀྱི་བྱ་གཞག་ལ་སྐུལ་འདེད། བུད་མེད་ཀྱི་ཕྱོགས་ཡོངས་འཕེལ་རྒྱས་ལ་སྐུལ་འདེད་བཅས་ཀྱི་ཐད་བླང་བྱ་ཁ་གསལ་བཏོན་ཏེ་དུས་རབས་གསར་པའི་བུད་མེད་ཀྱི་བྱ་གཞག་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་གསར་གཏོད་འཕེལ་རྒྱས་ལ་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ནས་རང་རྒྱལ་གྱི་བུད་མེད་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་རྒྱུར་སྣེ་ཁྲིད་གནང་ཡོད། 
    ལོ་5ཡི་རིང་། རང་རྒྱལ་གྱི་བུད་མེད་བྱ་གཞག་འཕེལ་རྒྱས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱི་རྣམ་པ་གསར་རྐྱང་དུ་གྱུར་ཡོད། རྒྱ་ཆེའི་བུད་མེད་ཚོས་འདྲ་མཉམ་དང་ཁྲིམས་ལྟར་དམངས་གཙོའི་ཁེ་དབང་སྤྱོད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ནང་ཞུགས་པ། སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་པ་བཅས་ཆུ་ཚད་གསར་པ་ཞིག་ཏུ་སླེབས་པ་དང་། ཕོ་མོ་འདྲ་མཉམ་གྱི་གཞི་རྩའི་རྒྱལ་ཇུས་ལག་བསྟར་ལ་ལོ་རྒྱུས་ཀྱི་གོམ་སྟབས་གསར་པ་སྤོས་པ། ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས།
     བདེ་འཇགས་ཚོར་སེམས་བཅས་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་བཅས་རེད། རིམ་ཁག་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་ཏང་ཀྲུང་དབྱང་གི་བླང་བྱ་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱས་ཏེ་ཆབ་སྲིད་ཀྱི་རང་བཞིན་དང་། སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་བ་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ལ་དམ་པོར་དམིགས་ཏེ་རྒྱ་ཆེའི་བུད་མེད་ཚོས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་པའི་ཆབ་སྲིད་ཀྱི་ལས་འགན་ཏན་ཏིག་འཁུར་བ། རྒྱ་ཆེའི་བུད་མེད་ལ་འབྲེལ་གཏུག་དང་ཞབས་འདེགས་ཞུ་བའི་ལས་ཀའི་སྲོག་རྩ་སྟངས་འཛིན་ནན་པོ་བྱེད་པ། བུད་མེད་ཀྱི་ཁེ་དབང་མཚོན་པ་དང་སྲུང་སྐྱོང་བྱེད་པ། ཕོ་མོ་འདྲ་མཉམ་ལ་སྐུལ་འདེད་གཏོང་བ། གཞི་རིམ་ལ་ཕྱོགས་རྒྱུ་མཐའ་འཁྱོངས། བུད་མེད་ལ་སེམས་རྩ་འཁོལ་པོས་ཞབས་འདེགས་ཞུ་བ་བཅས་བྱས་ནས་རང་རྒྱལ་གྱི་བུད་མེད་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་དང་ཏང་གིས་སྲིད་སྐྱོང་བའི་མང་ཚོགས་ཀྱི་རྨང་གཞིའི་རང་བཞིན་བརྟན་དུ་གཏོང་རྒྱུར་ལེགས་སྐྱེས་གསར་པ་ཕུལ་ཡོད། 
     རང་རྒྱལ་འཕེལ་རྒྱས་ཀྱི་ལོ་རྒྱུས་ལམ་བུའི་ཁྲོད། མི་འབོར་གྱི་ཕྱེད་ཙམ་བཟུང་བའི་རྒྱ་ཆེའི་བུད་མེད་ནི་ཐོག་མཐའ་བར་གསུམ་དུ་ཚབ་བྱེད་ཐབས་བྲལ་བའི་སྟོབས་ཤུགས་ཤིག་རེད། ཁོང་ཚོས་ལས་རིགས་ཁག་དང་ཁྱབ་ཁོངས་ཁག་ཏུ་བྱས་རྗེས་བཞག་པ་དང་རང་བཀུར་དང་། རང་ལ་ཡིད་ཆེས། རང་རྐྱ་འཕེར་བ། རང་བརྩི་བཅས་ཀྱི་བསམ་པའི་ཉམས་འགྱུར་མངོན་པར་བྱས་ཡོད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་སྐྲུན་པའི་རྒྱང་སྐྱོད་ལམ་བུ་གསར་པས་བུད་མེད་ཚུད་པའི་ཀྲུང་ཧྭའི་བུ་ཕྲུག་ཡོངས་ལ་ཐོབ་པར་དཀའ་བའི་འཕེལ་རྒྱས་ཀྱི་གོ་སྐབས་བཏོད་ཡོད་ལ་སྔར་ན་བྱུང་མྱོང་མེད་པའི་འཕེལ་རྒྱས་ཀྱི་བར་མཐོངས་ཤིག་མཁོ་འདོན་བྱས་ཡོད་པས་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱིས་ཐུན་མོང་ཐོག་འབད་འཐབ་དེ་བས་བྱེད་དགོས་ཀྱི་ཡོད། 
     དུས་རབས་གསར་པའི་ཏང་གི་བུད་མེད་ལས་དོན་ཡག་པོ་སྒྲུབ་པ་དང་བུད་མེད་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱི་སྒྱུར་བཅོས་ཕྱོགས་ཡོངས་ནས་ཟབ་ཏུ་གཏོང་དགོས་པ་དང་། བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲང་བའི་རྒྱ་ཆེའི་བུད་མེད་ཀྱི་བསམ་བློའི་རྨང་གཞི་སྔར་བས་བརྟན་དུ་གཏོང་བ། སྤྱི་ཚོགས་ཀྱི་འཚོ་བ་དང་ཁྱིམ་ཚང་འཚོ་བའི་ཁྲོད་དང་དེ་བཞིན་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་གི་སྤྱོད་བཟང་དར་སྤེལ་དང་ཁྱིམ་སྲོལ་བཟང་པོ་འཛུགས་པའི་ཐད་བུད་མེད་ཀྱི་ཐུན་མོང་མ་ཡིན་པའི་ནུས་པ་འདོན་སྤེལ་བྱེད་པའི་གཞི་རྟེན་ལས་སྟེགས་སྔར་བས་རྒྱ་ཆེར་གཏོང་བ། བུད་མེད་ལ་འབྲེལ་གཏུག་རྒྱ་ཁྱབ་དང་བུད་མེད་ལ་ཞབས་འདེགས་གཏིང་ཟབ་ཞུ་བའི་ལས་ཀའི་མ་ལག་ཅིག་སྔར་བས་སྐྲུན་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་རྩ་འཛུགས་དེ་ཉིད་དེ་བས་གསོན་ཤུགས་ལྡན་པ་དང་དེ་བས་སྲ་བརྟན་ནུས་ལྡན་ཞིག་ཏུ་བསྐྲུན་ཏེ་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་འགྱུར་བ་བྱེད་དགོས། 
     ད་ཆ། ང་ཚོ་ལོ་རྒྱུས་ཀྱི་དུས་སྐབས་གང་རུང་ཞིག་ལས་ཀྱང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་དམིགས་ཚད་མངོན་འགྱུར་ཡོང་རྒྱུ་དང་ཐག་ཉེ་བ་ཡོད་ལ་དེ་སྔའི་དུས་སྐབས་གང་རུང་ཞིག་ལས་ཀྱང་བུད་མེད་དུང་ཕྱུར་དུ་མའི་སྟོབས་ཤུགས་ཆེན་པོ་དེ་བས་གཅིག་སྒྲིལ་བྱེད་དགོས་ཀྱི་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱས་ཏེ་ཀྲུང་གོའི་བུད་མེད་ལས་འགུལ་གྱི་དུས་རབས་ཀྱི་བརྗོད་དོན་གཙོ་བོ་མཐའ་འཁྱོངས་ཀྱིས་བུད་མེད་ཀྱི་ཕུགས་འདུན་དང་ཀྲུང་གོའི་ཕུགས་འདུན་ཕན་ཚུན་འོད་མདངས་འཕྲོ་བ་དང་མཚར་སྡུག་རྣམ་པར་བཀྲ་བའི་ལང་ཚོའི་མེ་ཏོག་ཉི་འོད་འོག་རབ་ཏུ་བཞད་ཐུབ་པ་བྱས་ཚེ་ང་ཚོས་དུས་རབས་གསར་པའི་བུད་མེད་ཀྱི་ལེའུ་རྩོམ་ཐུབ་ངེས་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1