ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭས་ཉེན་སྐྱོབ་ལས་ཀར་མཆན་བཀོད་མཛུབ་སྟོན་གནང་།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ སྤེལ་དུས། 11-05



ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭས་ཉེན་སྐྱོབ་ལས་ཀར་མཆན་བཀོད་མཛུབ་སྟོན་གནང་། མང་ཚོགས4425གནོད་གཡོལ་ཐུབ་ཡོད།

    སྤྱི་ཟླ11པའི་ཚེས3ཉིན་ལ་རི་ཉིལ་ནས་འབྲི་ཆུ་བཀག་བའི་གནོད་འཚེ་ཐོན་རྗེས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭས་ཉེན་སྐྱོབ་ལས་ཀར་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ཞིང་། ཁུལ་ཨུའི་ཧྲུའུ་ཅི་ལེའུ་ཁྲེང་མིང་གིས་དེ་མ་ཐག་འཕྲལ་སྒྲུབ་ལས་དོན་བཀོད་སྒྲིག་གནང་བ་དང་། ཁུལ་དཔོན་ཞའོ་ཡིའུ་ཚའེ་དཔལ་ཡུལ་རྫོང་གི་ལས་ཡུལ་དངོས་སུ་ཉེན་སྐྱོབ་ལས་ཀར་ཁྲིད་སྟོན་གནང་དུ་ཕེབས་པ་རེད། ཁུལ་དང་རྫོང་གི་ཆུ་དོན་དང་། འགྲིམ་འགྲུལ། སྤྱི་བདེ། གནམ་གཤིས། གསར་འགྱུར་སོགས་སྡེ་ཚན་ཁག་གིས་འཕྲལ་སྒྲུབ་ཉེན་སེལ་ལས་དོན་སྒྲུབ་བཞིན་ཡོད། ཀྲུང་དབྱང་པུའུ་ཨུའི་རིགས་གཅིག་མཁས་ཅན་ཚོ་ཆུང་དང་། ཞིང་ཆེན་རིམ་པའི་ལས་དོན་ཚོ་ཆུང་ཡང་དེ་རིང་དཔལ་ཡུལ་དུ་ལས་དོན་སྒྲུབ་སར་སོང་བ་རེད།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭས་ཉེན་སྐྱོབ་ལས་ཀར་མཆན་བཀོད་མཛུབ་སྟོན་གནང་། མང་ཚོགས4425གནོད་གཡོལ་ཐུབ་ཡོད།
ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭས་ཉེན་སྐྱོབ་ལས་ཀར་མཆན་བཀོད་མཛུབ་སྟོན་གནང་། མང་ཚོགས4425གནོད་གཡོལ་ཐུབ་ཡོད།

    དཔལ་ཡུལ་དང་།  འབའ་ཐང་། སྡེ་རོང་བཅས་རྫོང་གསུམ་གྱིས་ཡུལ་དངོས་འཕྲལ་སྒྲུབ་དང་ནུས་ཤུགས་འགན་སྲུང་། རྒྱབ་ཕྱོགས་མཁོ་སྒྲུབ། འཕྲིན་གཏོང་འགན་སྲུང་། འགྲོ་ལམ་བདེ་བགྲོད། གསར་འགྱུར་དྲིལ་བསྒྲགས། མང་ཚོགས་གནོད་གཡོལ་ཉེན་སྐྱོབ་བཅས་ཀྱི་ཚོ་ཆུང་བཙུགས་ཤིང་རང་གནས་སུ་ཉེན་སྐྱོབ་ལས་ཀ་སྤེལ་འགོ་ཚུགས་པ་རེད།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭས་ཉེན་སྐྱོབ་ལས་ཀར་མཆན་བཀོད་མཛུབ་སྟོན་གནང་། མང་ཚོགས4425གནོད་གཡོལ་ཐུབ་ཡོད།
ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭས་ཉེན་སྐྱོབ་ལས་ཀར་མཆན་བཀོད་མཛུབ་སྟོན་གནང་། མང་ཚོགས4425གནོད་གཡོལ་ཐུབ་ཡོད།

    ད་ལྟའི་བར་དུ་རྫོང་དང་ཤང་། གྲོང་ཚོ་བཅས་རིམ་པ་ཁག་གི་ལས་བྱེད་དང་ལས་བཟོ་བ། ཡུལ་དམག སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ་སོགས་མི1200ལྷག་ཙམ་གྱིས་འཕྲལ་སྒྲུབ་ཉེན་སེལ་ལས་དོན་སྒྲུབ་བཞིན་ཡོད་ལ། ཉེ་འཚོལ་གྲོགས་བརྟེན་བྱེད་སྟངས་བརྒྱུད་ནས་མངཚོགས4425གནོད་གཡོལ་དང་བཀོད་སྒྲིག་བྱས་ཡོད་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1