2018ལོའི་ལྷ་སའི་ལམ་ཕྱེད་མར་སུན་འགྲན་རྒྱུག་ཟླ་11པའི་ཚེས་11ཉིན་སྤེལ་རྒྱུ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-06


     ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པའི་2018ལོའི་ལྷ་སའི་ལམ་ཕྱེད་མར་སུན་འགྲན་རྒྱུག་ནི་ཟླ་11ཚེས་11ཉིན་སྤེལ་རྒྱུ་ཡིན་པ་དང་། འགྲན་སྡུར་ནི་ཚོགས་ཆུང་གསུམ་ལ་བགོས་ཡོད་ཅིང་། མིག་སྔར་མིང་ཐོ་འགོད་པའི་དུས་རིམ་རེད།

     ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་འགྲན་སྡུར་ནི་ཚེས་11ཉིན་གྱི་ཆུ་ཚོད་10པ་ནས་འགོ་རྩོམ་རྒྱུ་དང་། ལམ་ཕྱེད་མར་སུན་འགྲན་རྒྱུག་ཚོགས་པ་དང་། སྤྱི་ལེ་10ཡི་ཚོགས་པ། བདེ་ཐང་རྒྱུག་རྩོད་ཚོགས་པ་བཅས་ཚོགས་ཆུང་གསུམ་ལ་བགོས་ཡོད་ཅིང་། སོ་སོར་སྤྱི་ལེ་21.0975དང་སྤྱི་ལེ་10། སྤྱི་ལེ་5བཅས་ཡོད་པས། འགྲན་ཞུགས་པས་སོ་སོའི་དགོས་མཁོ་ལྟར་མིང་ཐོ་བཀོད་ཆོག  མིག་སྔར་ནི་འགྲན་རྒྱུག་ལ་མིང་ཐོ་འགོད་པའི་དུས་རིམ་ཡིན་ཞིང་། ཟླ་11ཚེས་4ཉིན་གྱི་ཆུ་ཚོད་24ལ་མིང་ཐོ་འགོད་མཚམས་འཇོག་རྒྱུ་རེད། གཟུགས་པོ་བདེ་ཐང་མེད་ན་མིང་ཐོ་འགོད་མི་འོས་ཤིང་། ཚོགས་པ་སོ་སོས་མིང་ཐོ་འགོད་མཁན་གྱི་ལོ་ཚོད་ལའང་ཚད་བཀག་བྱས་ཡོད་པས། འགྲན་ཞུགས་ཆ་རྐྱེན་ཚང་ཞིང་ལུས་རྩལ་ལ་མོས་མཁན་ཚོས་ལྷ་སའི་ལམ་ཕྱེད་མར་སུན་འགྲན་རྒྱུག་དྲ་ཚིགས་ (http://mls.lasa.gov.cn)ནས་མིང་ཐོ་བཀོད་ཆོག་ལ། ཐད་ཀར་དུ་ལྷ་ས་གྲོང་ཁྱེར་ལུས་རྩལ་ཅུས་ལུས་རྩལ་ཚན་ཁག་ལ་ཡོང་ནས་མིང་ཐོ་བཀོད་ཀྱང་ཆོག  མིང་ཐོ་འགོད་མཁན་ཡོད་དོ་ཅོག་ལ་འགྲན་སྡུར་སྔོན་དུ་རྔུལ་ལེན་དང་། ཨང་རས། ཐག་འཐེན་ཁུག་མ། འགྲན་ཞུགས་ལག་ཁྱེར། དེ་བཞིན་དུ་《འགྲན་མིའི་ལག་དེབ་》བཅས་ཀྱི་དྲན་རྟེན་དངོས་པོ་སྤྲོད་རྒྱུ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1