ཞིང་ཆེན་ཆུ་ལོག་དང་ཐན་པ་སྔོན་འགོག་བཀོད་འདོམས་པུས་བླང་བྱ་བཏོན།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 11-06



     སྤྱི་ཟླ11པའི་ཚེས4ཉིན་གྱི་སྔ་དྲོར། ཞིང་ཆེན་ཆུ་ལོག་དང་ཐན་པ་སྔོན་འགོག་བཀོད་འདོམས་པུའུ་ཡིས་བྲེལ་མྱུར་ངང་གྲོས་མོལ་ཚོགས་འདུ་འཚོགས་ཤིང་། དཀར་མཛེས་ཁུལ་དང་གནོད་འཇིགས་ཐེབས་ཉེན་ཡོད་པའི་རྫོང་ཁག་དང་འཕྲིན་འབྲེལ་བྱས་ཏེ་འབྲི་ཆུའི་པད་དགེའི་ཆུ་བསྐྱིལ་མཚེའུ་ཡི་ཉེན་སེལ་འཕྲལ་སྒྲུབ་ཐག་གཅོད་ལས་ཀར་ཞིབ་འཇུག་དང་བརྡ་གཅོད་བྱས་པ་རེད། གྲོས་ཚོགས་ཐོག་ཆེས་མི་ལེགས་པའི་གནས་ཚུལ་ལ་དམིགས་ནས་ནུས་ཤུགས་ཡོད་རྒུས་གནོད་འཇིགས་ཐེབས་ཉེན་ཡོད་པའི་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ཡོང་བར་འགན་སྲུང་བྱ་དགོས་པའི་བླང་བྱ་བཏོན་པ་རེད།
     ཞིབ་འཇུག་བརྡ་གཅོད་བྱས་ཏེ་གསར་དུ་ཆགས་པའི་པད་དགེའི་ཆུ་བསྐྱིལ་མཚེའུ་ཡི་ཆུ་བསགས་ཚད་དེ་སྔོན་དང་བསྡུར་ན་དེ་བས་ཆེ་བ་དང་། དུས་ཡུན་ཐུང་ངུའི་ནང་ཆུ་བསྐྱིལ་མཚེའུ་རང་འབབ་འབྱུང་དཀའ་ཞིང་ཉེན་ཁ་སེལ་བའི་དཀའ་ཚེགས་དེ་བས་ཆེ་བ་དང་། མང་ཚོགས་དེ་བས་མང་པོ་གནོད་གཡོལ་བྱ་དགོས་རྒྱུ་རེད་ཅེས་བསྟན་པ་རེད།
       ཚོགས་ཐོག་བླང་བྱ་བཏོན་དོན། འབྲེལ་ཡོད་སྡེ་ཚན་ཁག་དང་དཀར་མཛེས་ཁུལ་གྱིས་དེང་གི་ཛ་དྲག་དང་རྙོག་འཛིང་ཆེ་བའི་གནས་བབ་ལ་ངོས་འཛིན་གང་ལེགས་བྱས་ཏེ་འཕྲལ་སྒྲུབ་འཐབ་འཛིང་དང་ཡུན་རིང་འཐབ་འཛིང་བྱ་རྒྱུའི་གྲ་སྒྲིག་བྱ་དགོས། ལྷག་པར་དུ་འགན་ནུས་ལྟར་དེ་མ་ཐག་གནོད་འཇིགས་ཐེབས་ཉེན་ཡོད་པའི་མང་ཚོགས་གནོད་གཡོལ་དང་བཀོད་སྒྲིག་ལས་ཀ་ཡག་པོ་བསྒྲུབ་དགོས། མི་སྣ་བཀོད་སྒྲིག་དང་ཆུ་དཔྱད་ལྟ་ཞིབ་ཚད་ལེན། འཕྲལ་སྒྲུབ་ཉེན་སྐྱོབ་བཅས་ལས་དོན་གཙོ་བོ་གསུམ་པོ་ཡག་པོ་བསྒྲུབས་ཏེ་ཉེན་ཁ་བསལ་དགོས། སྡེ་ཚན་ཁག་དང་ཞིང་ཆེན་བརྒལ་བའི་མཉམ་འབྲེལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བོད་ལྗོངས་དང་ཡུན་ནན་བར་ཆ་འཕྲིན་མཉམ་སྤྱོད་དང་མཉམ་འབྲེལ་ཐག་གཅོད་ལམ་སྲོལ་བཙུགས་ནས་ཉེན་སེལ་ལས་ཀ་གཞི་འཛིན་ས་དང་སྒྲིག་ལམ་ཡོད་པར་བྱ་དགོས།
     ཚོགས་ཐོག་ད་དུང་དཀར་མཛེས་ཁུལ་གྱིས་པད་དགེའི་ཆུ་བསྐྱིལ་མཚེའུ་ཡི་འཕྲལ་སྒྲུབ་ཐག་གཅོད་ཀྱི་བྱེད་པོའི་འགན་འཁྲི་འཁུར་དགོས་པ་གཏན་འབེབས་བྱས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1