སྡེ་དགེའི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་གྱིས། རྫོང་ཁོངས་དཔལ་འབྱོར་ཁྱོན་ཡོངས་འཕེལ་རྒྱས་གཏོང་།

སྡེ་དགེ་རྫོང་ཨུའུ་ཧྲུའུ་ཅི་སྐལ་བཟང་གཡུང་དྲུང་། རྫོང་དཔོན་ཧོ་ཅེ། ཀུང་ཙེ་ཧྭ་ཡིས་པར་མཁོ་འདོན་བྱས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-06


        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཟིགས་རྒྱང་རིང་པོའི་སྒོ་ནས་རང་རྒྱལ་གྱི་མ་འོངས་པའི་འཕེལ་རྒྱས་ཁ་ཕྱོགས་གསལ་སྟོན་གནང་ཡོད། ཁོང་གིས་རིག་གནས་ཀྱི་ཡིད་རྟོན་དང་རིག་གནས་ཀྱི་དར་རྒྱས་མེད་ཚེ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཡོད་མི་སྲིད་ཅེས་བསྟན། བོད་མི་རིགས་ནི་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་གཞིས་ཆེན་མོའི་གྲས་ཀྱི་ཆ་ཤས་ཤིག་ཡིན་པའི་ཆ་ནས་བོད་ཀྱི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་ནི་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་ཁ་འབྲལ་ཐབས་མེད་པའི་གྲུབ་ཆ་ཞིག་ཏུ་ངེས་ཤིང་། རྒྱལ་ཡོངས་ཀྱི་གནའ་བོའི་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་འབྱུང་ཁུངས་གསུམ་གྱི་གྲས་སུ་གཏོགས་པའི་སྡེ་དགེ་ལ་སྲོལ་རྒྱུན་རིག་གནས་ཀྱི་གཏིང་ཟབ་ཅིང་རིག་གནས་འཕེལ་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་མངོན།

        རྒྱ་མཚོ་ཆེན་པོ་ཆུ་ཡི་གཏེར། །ཆུ་བོ་ཐམས་ཅད་དེ་རུ་འབབ། །ཅེས་པ་ལྟར། ཀུན་གྱིས་སྡེ་བཞི་དགེ་བཅུད་འཛོམས་པའི་སྡེ་དགེ་ལ་ཁམས་པའི་རིག་གནས་ཀྱི་ལྟེ་གནས་དང་གླིང་རྗེ་གེ་སར་རྒྱལ་པོའི་འཁྲུངས་ཡུལ། ཟུར་ལུགས་གསོ་རིག་གི་འབྱུང་ཁུངས་སུ་བསྔགས་པའི་རིག་གནས་ཀྱི་འདེགས་གཞི་གལ་ཆེན་ཞིག་ནི་སྡེ་དགེ་ཆོས་མཛོད་ཆེན་པོ་དང་འབྲེལ་བ་དམ་ཟབ་ལྡན། དེ་ལས་མངོན་པའི་ཁམས་པའི་རིག་གནས་ཀྱི་ཡིད་རྟོན་ནི་ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ལྡན་པའི་བོད་ཀྱི་རིག་གནས་ལས་བྱུང་ཞིང་། དེ་ལས་མངོན་པའི་དུས་རབས་ཀྱི་སྙིང་སྟོབས་ནི་ཁམས་པའི་བུ་དང་བུ་མོས་ཏང་གི་འབད་འབུངས་ལ་རྐང་ཚུགས་པ་ལས་བྱུང་བ་ཡིན། ཐུན་མོང་མ་ཡིན་པའི་པར་ཤིང་རྐོ་འདེབས་ཀྱི་སྲོལ་རྒྱུན་དང་བྱུར་བུར་གཏམས་པའི་གཞུང་ཆེན་གྱི་ཉར་ཚགས་ཡོད་ཕྱིན་བོད་རིག་པའི་ཤེས་བྱ་ཀུན་བཏུས་དང་གངས་རིའི་ཞོལ་གྱི་རིག་གནས་བང་མཛོད་ཅེས་པའི་མཚན་སྙན་གསོལ་བ་དེའང་དོན་དང་མཐུན་ནོ། །

        རིག་གནས་འཕེལ་ན་རྒྱལ་ཁབ་དར་བ་དང་རིག་གནས་རྒྱས་ན་མི་རིགས་རྒྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་སུ་གཏོང་བར་མར་ཁེ་སིའི་རིང་ལུགས་མཛུབ་སྟོན་དུ་བཟུང་ཞིང་ཀྲུང་ཧྭའི་རིག་གནས་ཀྱི་ལངས་ཕྱོགས་བརྩི་འཇོག །དེང་གི་ཀྲུང་གོའི་དངོས་ཡོད་ལ་རྐང་ཚུགས་པ་དང་། མིག་སྔའི་དུས་རབས་ཀྱི་ཆ་རྐྱེན་དང་སྦྲེལ་ནས་དེང་རབས་ལ་ཁ་ཕྱོགས་ཤིང་འཛམ་གླིང་ལ་ཁ་ཕྱོགས་པ། མ་འོངས་པར་ཁ་ཕྱོགས་པའི་མི་རིགས་དང་ཚན་རིག །སྤྱི་ཡོངས་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་སུ་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་དང་རིག་གནས་དཔལ་ཡོན་གྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏང་དགོས་ཞེས་བསྟན།

        2016ལོའི་ཚུན་ལ། སྡེ་དགེ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་སྡེ་དགེ་ནི་རིག་གནས་ཀྱི་རྫོང་ཆེན་ཞིག་ཡིན་པའི་དངོས་ཡོད་ལ་རྐང་ཚུགས་ཤིང་ཏང་འཛུགས་སྣེ་ཁྲིད་དང་ལྗང་མདོག་འཕེལ་རྒྱས། ཁྱད་ཆོས་སྔོག་འདོན། དཔུང་སྒྲིལ་འཕེལ་རྒྱས་ཀྱི་བགྲོད་ལམ་ལ་ཞུགས་ཏེ། “རིག་གནས་རྫོང་སྐྲུན་”དེ་འཕེལ་རྒྱས་ཀྱི་གོ་གནས་གལ་ཆེན་དུ་ངོས་འཛིན་བྱས་ཤིང་། ཁུལ་ཡོངས་ཡུལ་སྐོར་དེ་གཙོ་ཁྲིད་ཐོན་ལས་སུ་བཟུང་ནས་ཕུལ་དུ་བྱུང་བའི་མི་རིགས་སྲོལ་རྒྱུན་རིག་གནས་ཀྱི་རིན་ཐང་སྔོག་འདོན་དང་། ཤུགས་ཆེན་པོས་རིག་གནས་ཐོན་ལས་དང་ཡུལ་སྐོར་ཐོན་ལས་གཏིང་ཟབ་པོས་མཐུན་སྦྱོར་བྱས་ཏེ། ཁམས་པའི་རིག་གནས་ལྟེ་གནས་ཀྱི་དངོས་མང་འགྲེམ་སྟོན་གླིང་དང་ཟུར་ལུགས་བོད་སྨན་གྱི་ཁམས་གསོ་གླིང་འཛུགས་སྐྲུན་གྱི་འགོ་བརྩམས་པར་མ་ཟད། ཆོས་མཛོད་ཆེན་མོ་དཀྱིལ་སྙིང་ཡིན་པའི་ཁམས་པའི་རིག་གནས་ལྟེ་གནས་ཀྱི་ཡུལ་སྐོར་ལྗོངས་ཁུལ་བསྐྲུན་ནས་“བོད་ལྗོངས་སུ་ལྷ་ས་ཡོད་པ་དང་། ཁམས་ཕྱོགས་སུ་སྡེ་དགེ་ཡོད་པ”དང་ “ལྷོ་ན་འདབ་པའི་ཉི་སྟེང་དང་བྱང་ན་ཁམས་པའི་སྡེ་དགེ”ཞེས་པའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་མགྱོགས་མྱུར་སྒོས་“སྡེ་དགེར་མ་སླེབས་ན། ཁམས་པར་རྒྱུས་ལོན་དཀའ”ཞེས་པའི་རིག་གནས་ཡུལ་སྐོར་གྱི་ཟོང་རྟགས་དགེ་མཚན་ཆགས་པར་བརྩོན་པ་ལྷུར་ལེན་བྱེད་མུས་སུ་མཆིས།

        ཕུལ་བྱུང་གི་མི་རིགས་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་སྐབས་མི་དམངས་དང་སྤྱི་ཚོགས་རིང་ལུགས་ལ་ཞབས་འདེགས་བསྒྲུབ་པ་རྒྱུན་འཁྱོངས་བྱས་ན། ད་གཟོད་དུས་རབས་གསར་པར་གཟི་འོད་རྣམ་པར་འཕྲོ་ཞིང་། གསར་གཏོད་འཕེལ་རྒྱས་ཀྱི་རྒྱུན་ལ་ཆད་པ་མེད་པར་གྲུབ་འབྲས་གཡུར་དུ་ཟ་བ་ལོན་ངེས། 2019ལོར་སྡེ་དགེ་རྫོང་གིས་“འབྱོར་འབྲིང་དུ་བསྐྱོད་ནས་རྫོང་འཕེལ་རྒྱས་སུ་གཏོང་བའི”འཕེལ་རྒྱས་ངེས་གནས་ལ་རྐང་ཚུགས་ནས་ཤུགས་ཆེན་པོས་དབུལ་སེལ་འགག་སྒྲོལ་གྱི་“གྲོང་ཚོ་སུམ་བརྒྱ་གསུམ”གྱི་དཔུང་སྒྲིལ་འཕེལ་རྒྱས་ཐོན་ལས་ལ་ཤུགས་སྣོན་བྱ་རྩིས་ཡོད་པར་མ་ཟད། ཤུགས་ཆེན་པོས་ཁམས་པའི་རིག་གནས་ཀྱི་གནའ་དཔེ་ཁང་དང་ཁམས་པའི་རིག་གནས་ཀྱི་འགྲེམ་སྟོན་ལྟེ་གནས་སོགས་རིག་གནས་གསར་གཏོད་ཀྱི་ཐོན་རྫས་ཁག་ཅིག་གསར་དུ་བཏོན་པ་དང་། གཅིག་བསྡུས་སྒོས་ཁམས་པའི་རིག་གནས་མཐོ་རིམ་གླེང་སྟེགས་སོགས་ཀྱི་མུ་འབྲེལ་བྱེད་སྒོ་སྤེལ་ནས་རྒྱུན་ཆད་མེད་པར་ཁམས་པའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་དར་སྤེལ་ལ་སྐུལ་འདེད་གཏང་ངེས།

དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པའི་སྐབས་ཀྱི་སྡེ་དགེ་རྫོང་གི་རྣམ་པ།

        འདིར་《ཁ་བཏགས་དཀར་པོ།》དུས་དེབ་ཀྱིས་ཆེད་དུ་སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོ་ངོ་སྤྲོད་གནང་བར་ཐུགས་རྗེ་ཆེ་ཞུ་བ་དང་། ཁྱེད་ཅག་དང་ལྷན་དུ་ཁམས་པའི་རིག་གནས་ངོ་སྤྲོད་བརྒྱུད་ཁམས་པའི་རིག་གནས་ཀྱིས་སྔར་ལས་ཡིད་རྟོན་ཆེན་པོས་དུས་རབས་གསར་པའི་གཟི་བྱིན་ངོམས་པར་བརྩོན་འདོད་དོ། །  

        习近平总书记在党的十九大报告中指出:没有高度的文化自信,没有文化的繁荣兴盛,就没有中华民族伟大复兴。总书记高瞻远瞩指明了我国未来的发展方向。藏族作为中华民族大家庭中的一员,其创造的优秀传统文化已成为中华优秀传统文化不可分割的组成部分,而作为全国三大藏族传统文化发祥地之一的德格,以其优秀传统文化的优势和独特魅力。在实现伟大中国梦的过程中正展现着强大活力。


        海纳百川,有容乃大。德格之所以被誉为康巴文化中心、格萨尔王故里、南派藏医发祥地,关键的文化精髓和文化核心在德格印经院。其展现出的康巴文化自信,源于千年孕育的优秀传统藏文化;其展示出的时代精神,根植于康巴儿女心向党的奋斗实践。独特的经版传承方式,包罗万象的典籍收藏,称其为“藏文化百科全书”“雪山下的文化宝库”一点不为过。

        文化兴国运兴,文化强民族强。习近平总书记指出,发展中国特色社会主义文化,就是以马克思主义为指导,坚守中华文化立场,立足当代中国现实,结合当今时代条件,发展面向现代、面向世界、面向未来的,民族的科学的大众的社会主义文化,推动社会主义精神文明和物质文明协调发展。2016年以来,德格县委、县政府立足于德格是文化大县的实际,沿着党建引领绿色发展、特色发展、抱团发展的路子,把“文化立县”作为首要发展定位,把全域旅游作为主导产业,深度挖掘优秀传统民族文化价值,大力推进文化产业和旅旅产业深度融合,正在建设康巴文化中心博览园和南派藏医药康养园,打造以印经院为核心的康巴文化中心旅游目的地,推动形成“西藏有拉萨、康巴有德格”“南有稻城亚丁、北有康巴德格”的发展态势,加快形成“不到德格、未游康巴”的品牌优势。

        优秀民族文化传承和发展只有坚持为人民服务、为社会主义服务才能在新时代大发放异彩,才能不断创新发展和铸就新辉煌。2019年,我县将立足于“奔康兴县”发展定位,大力推进脱贫攻坚“三个百村”抱团发展产业,大力推进康巴藏文化古籍馆、康巴文化展览中心等一批文创产品精彩亮相,集中举办康巴文化高峰论坛等系列活动,不断推进传统优秀的康巴文化繁荣发展。

        感谢《多彩哈达》杂志特刊介绍德格印经院,愿和您们一道共同宣传推介康巴文化,让康巴文化以更加自信的姿态展示新时代的风采。


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1