རང་ཁུལ་མང་ཚོགས་ཁྲི་ལ་ཉེ་བ་གནོད་གཡོལ་དང་བཀོད་སྒྲིག་བྱས།

ཨོ་རྒྱན་གྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 11-08


        སྤྱི11པའི་ཚེས6ཉིན་གྱི་ཉིན་གུང་། རྒྱལ་ཁབ་འཕྲལ་སྒྲུབ་དོ་དམ་པུའུ་བརྙན་ལམ་བཀོད་གཏོང་གྲོས་ཚོགས་མཇུག་བསྒྲིལ་རྗེས། རྒྱལ་ཁབ་འཕྲལ་སྒྲུབ་དོ་དམ་པུའུ་རོགས་སྐྱོབ་དང་སྔོན་ཇུས་དོ་དམ་ཅུས་ཀྱི་ཅུས་ཀྲང་ཀའོ་ཀྲི་ཝུའུ། རྒྱལ་ཁབ་ནུས་ཁུངས་ཅུས་གློག་ནུས་བདེ་འཇགས་ལྟ་སྐུལ་སི་ཡི་སི་ཀྲང་ཐུང་ཀང་དབྱི། དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན། ཡུལ་དངོས་བཀོད་འདོམས་པུའུ་ཡི་འགོ་གཙོ་ཞའོ་ཡིའུ་ཚའེ་བཅས་རྒྱལ་ཁབ་དང་ཞིང་ཆེན་གྱི་འགོ་ཁྲིད་དང་ཆེད་མཁས་པ་དག་རྐང་ཐང་དུ་རི་ཉིལ་བའི་ཡུལ་དངོས་སུ་ཕེབས་ནས་རྟོག་ཞིབ་གནང་ཡོད་པ་རེད།
        མིག་སྔར། དཀར་མཛེས་ཁུལ་དཔལ་ཡུལ་རྫོང་གི་མང་ཚོགས2548དང་། འབའ་ཐང་རྫོང་གི་མང་ཚོགས2320 སྡེ་རོང་རྫོང་གི་མང་ཚོགས1086 འབྲི་ཆུ་འགྲམ་རྒྱུད་ཀྱི་ཆུ་གློག་སོགས་བཟོ་གྲྭ་དག་གི་ལས་སྒྲུབ་པ4010བཅས་ཁྱོན་མི་གྲངས9964གནས་སྤོས་བྱས་ཡོད་པ་རེད། ཡུལ་དངོས་བཀོད་འདོམས་པུའུ་ཡིས་སྤྱི་བདེ་ཉེན་རྟོག་པ་དང་སྡེ་དམག། མེ་གསོད་རུ་ཁག་སོགས་ཆེད་ལས་པ100ལྷག་དང་དཔུང་སྡེབ་བྱས་ནས། གནོད་གཡོལ་མང་ཚོགས་ཀྱི་བདེ་འཇགས་ལ་སྲུང་སྐྱོང་དང་ཅ་ལག་བསྐྱལ་རྒྱུ་སོགས་རྒྱབ་མཁོའི་ལས་ཀ་ཧུར་ཐག་གིས་བསྒྲུབས་པས་གནོད་གཡོལ་མང་ཚོགས་དག་བདེ་འཇགས་ཀྱི་ངང་ནས་གནོད་གཡོལ་ཐུབ་ཡོད་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1