༄༅།། ཉེས་ཆད་ཁྲིམས་བཀོད་གླེང་བ།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 11-08


        ཚང་མས་ཤེས་གསལ་ལྟར།བཅའ་ཁྲིམས་ཀྱི་སྙོམས་སྒྲིག་བྱ་ཡུལ་ནི་མིའི་བྱ་སྤྱོད་ཡིན།ཉེས་ཁྲིམས་ཐད་ནས་བལྟས་ན།མིའི་བྱ་སྤྱོད་གང་ཞིག་ནག་ཉེས་སུ་གྲུབ་མིན་ལ་ཚད་གཞི་གཙོ་བོ་གཉིས་ཡོད།གཅིག་ནི་བྱ་སྤྱོད་དེ་ཉེས་ཁྲིམས་དང་འགལ་ཡོད་མེད་དང་།ཅིག་ཤོས་ནི་བྱ་སྤྱོད་དེས་སྤྱི་ཚོགས་ལ་གནོད་པ་ལྡན་མིན་ལ་ཐུག་ཡོད།ཁྲིམས་འཛིན་ལས་ཁུངས་ལ་མཚོན་ན།ཚད་གཞི་སྔ་མ་དེ་ཚད་གཞི་ཕྱི་མ་ལས་ཤིན་ཏུ་གཙོ།ཅིའི་ཕྱིར་ཞེ་ན།ཉེས་ཆད་ཁྲིམས་བཀོད་ནི་ཁྲིམས་འཛིན་ལས་ཁུངས་ཀྱི་བླང་བྱ་དང་ཉེས་ཆད་རིགས་འགེལ་ནི་སྤང་བྱ་ཡིན་པའི་ཕྱིར།
        རང་རྒྱལ་ཉེས་ཁྲིམས་ཀྱི་དོན་ཚན་གསུམ་པར།“བཅའ་ཁྲིམས་ཐོག་ཉེས་བསགས་ཡིན་པར་གཏན་འཁེལ་གསལ་པོ་བྱས་ཡོད་ན།ཁྲིམས་ལུགས་ཀྱི་གཏན་འཁེལ་ལྟར་ཉེས་འགེལ་ཆད་གཅོད་བྱེད་དགོས་པ་དང་།བཅའ་ཁྲིམས་ཐོག་ཉེས་བསགས་ཡིན་པར་གཏན་འཁེལ་གསལ་པོ་བྱས་མེད་ན།ཉེས་འགེལ་ཆད་གཅོད་བྱེད་མི་ཆོག”ཅེས་གཏན་འཁེལ་བྱས་ཡོད་ལ། འདི་ནི་བཅའ་ཁྲིམས་ཐོག་གི་ཉེས་ཆད་ཁྲིམས་བཀོད་ཀྱི་གཏན་འབེབས་ཡིན།
        ཉེས་ཆད་ཁྲིམས་བཀོད་ནི་ཉེས་ཁྲིམས་ཀྱི་རྩ་དོན་གལ་ཆེན་ཞིག་ཡིན།རྩ་དོན་འདིས་ཉེས་འགེལ་རིགས་འདེད་བྱེད་པར་དགག་པ་གཏོང་བ་དང་།གཏན་ཚིགས་ཐོག་བཤད་ན།ཉེས་འགེལ་རིགས་འདེད་བྱེད་པ་ནི་བཅའ་ཁྲིམས་ཀྱི་གཏན་འཁེལ་དོར་ནས་ལོགས་སུ་ཉེས་ཆད་གཅོད་ཆོག་པ་མཚོན་ཡོད།དེས་ན་བཅའ་ཁྲིམས་སུ་ལས་གང་དང་གང་བྱས་ན་ནག་ཉེས་གང་དང་གང་གྲུབ་པ་གསལ་པོར་གཏན་ལ་ཕབ་ཡོད་མོད།ཡིན་ཡང་ཉེས་འགེལ་རིགས་འདེད་བྱེད་ཆོག་ཚེ་མི་རྣམས་ཀྱི་བྱ་སྤྱོད་ལ་མངོན་མེད་ཀྱི་རྙི་རྒྱ་ཞིག་བཙུགས་པ་དང་མཚུངས།དེ་བས་ཉེས་འགེལ་རིགས་འདེད་བྱེད་པ་ནི་དོགས་ཡོད་ཉེས་ཅན་ལ་གནོད་འཚེ་ལྡན་པར་མ་ཟད།སྤྱི་ཚོགས་ཡོངས་ཀྱི་སྤྱི་དམངས་ཚང་མར་གནོད་པ་ཆེ།ལྷག་པར་ཉེས་འགེལ་རིགས་འདེད་བྱེད་པ་དེ་ཉེས་ཁྲིམས་ཀྱི་རྩ་དོན་དུ་བཀུར་ཚེ།ཉེས་ཁྲིམས་ནི་ཤོག་བུའི་བཟོས་པའི་སེང་གེ་ལྟར་སྣང་མེད་དུ་བཞག་ཆོག་པ་ཞིག་ཏུ་འགྱུར་འགྲོ། །

(རྨ་ལྷོ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་རྡོ་རྗེ་ཚེ་རིང་གིས་བསྒྱུར།)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1