གཙོ་ངོས།>> ཁྲིམས་ལུགས།>>གྱོད་དཔེ་འདེམས་བཀོད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༨ལོའི་ཟླ་བ་༡༡ཚེས་༠༨ཉིན།

༄༅།། ཆད་དངུལ་སྤྲོད་དགོས་པའི་གཏུག་བཤེར་བྱེད་སྐབས་རྒྱུ་ནོར་སྲུང་སྡོམ་བྱེད་དགོས་པའི་རེ་བ་བཏོན་ཆོག་གམ།

བློ་མཐུན་རྩོམ་སྒྲིག་པ་ལགས།
        ཚེ་དབང་གིས་ངའི་ལག་ནས་སྒོར་མོ་བསྐྱིས་པ་དང་།ད་ལྟ་སྐྱིན་ཚབ་སྟེར་བའི་དུས་ཡུན་ལས་བརྒལ་ནའང་།ཁོས་སྔར་བཞིན་ཁ་གཡར་ས་མང་པོ་ཞིག་བཙལ་ཏེ་བསམ་བཞིན་དུ་འགོར་འགྱངས་བྱས་ཏེ་སྐྱིན་ཚབ་མི་སྟེར་བ་རེད།
        ད་ལྟ་ངས་ཁྲིམས་ཁང་ལ་ཞུ་གཏུག་བྱེད་རྩིས་ཡོད།གྲོགས་པོས་བཤད་ན་ཞུ་གཏུག་མ་བྱས་གོང་ཁོའི་རླངས་འཁོར་སོགས་ཀྱི་རྒྱུ་ནོར་སྲུང་སྡོམ་བྱེད་དགོས་པའི་རེ་བ་བཏོན་ཆོག་པ་དང་།དེ་ལྟར་བྱས་ན་གྱོད་ལས་རྒྱལ་རྗེས་སྒོར་མོ་ལེན་མི་ཐུབ་པར་སེམས་ཁུར་བྱེད་མི་དགོས་ཟེར།
        འདིར་འདྲི་རྒྱུ་ཞིག་ནི། རྒྱུ་ནོར་སྲུང་སྡོམ་བྱེད་པར་དངོས་གནས་ནུས་པ་དེ་འདྲ་ཞིག་ཡོད་དམ།རྒྱུ་ནོར་སྲུང་སྡོམ་བྱེད་དགོས་པའི་རེ་བ་བཏོན་ན་གཏུག་བཤེར་བྱེད་སྐབས་མཉམ་དུ་ཁྲིམས་ཁང་ལ་རེ་བ་འདོན་དགོས་སམ།དེ་ལ་ཆ་རྐྱེན་གང་དག་འཛོམས་དགོས་པ་སོགས་ཡིན།

ཀློག་པ་པོ་ཀླུ་རྒྱལ་ཚེ་རིང་ནས།

བློ་མཐུན་ཀླུ་རྒྱལ་ཚེ་རིང་ལགས།
        རྒྱུ་ནོར་སྲུང་སྡོམ་ཞེས་པ་ནི་མི་དམངས་ཁྲིམས་ཁང་གིས་ཁེ་གྱོང་གི་འབྲེལ་བ་ཡོད་པའི་མི་དེས་གཏུག་བཤེར་མ་བྱས་སྔོན་དང་ཡང་ན་དོ་བདག་པས་གཏུག་བཤེར་བྱས་རྗེས།མ་འོངས་པའི་ནུས་ལྡན་བཅད་ཁྲ་ལག་བསྟར་བྱེད་མི་ཐུབ་པའམ་ཡང་ན་རྒྱུ་ནོར་ལ་གྱོང་གུན་མི་ཐེབས་པའི་ཆེད་དུ།དོ་བདག་པའི་རྒྱུ་ནོར་དང་ཡང་ན་རྩོད་གཞིར་གྱུར་བའི་དམིགས་བྱའི་དངོས་རྫས་དེ་དོ་བདག་པས་རང་འདོད་ལྟར་ཐག་གཅོད་བྱེད་པར་ཚོད་འཛིན་བྱེད་པའི་བཙན་ཤེད་རང་བཞིན་གྱི་བྱེད་ཐབས་ཤིག་ཡིན།གཏུག་བཤེར་ཁྲོད་རྒྱུ་ནོར་སྲུང་སྡོམ་བྱེད་དགོས་པའི་རེ་འདུན་འདོན་པའི་ཆ་རྐྱེན་ནི།
        གཅིག རྩོད་གཞིར་གྱུར་པའི་རྒྱུ་ནོར་ལ་གཏུག་བཤེར་ཁྲོད་རྒྱུ་ནོར་སྲུང་སྡོམ་བྱེད་པའི་ཆ་རྐྱེན་ནི་གྱོད་དོན་དེ་ངེས་པར་སྤྲོད་ལེན་གྱི་གྱོད་དོན་ཡིན་དགོས་པ་སྟེ།གྱོད་དོན་དེའི་གཏུག་བཤེར་རེ་འདུན་ཁྲོད་ངེས་པར་རྒྱུ་ནོར་སྤྲོད་ལེན་གྱི་ནང་དོན་འདུ་དགོས།
        གཉིས།མ་འོངས་པའི་ནུས་ཐོན་བཅད་ཁྲ་དེ་རང་ངོས་དང་ཡང་ན་ཕྱི་རོལ་ཡུལ་གྱི་རྒྱུ་རྐྱེན་དབང་གིས་ལག་བསྟར་བྱེད་མི་ཐུབ་པའམ་ཡང་ན་ལག་བསྟར་བྱེད་དཀའ་བ།
        གསུམ།གཏུག་བཤེར་ཁྲོད་དམངས་དོན་གྱོད་དོན་བདག་སྤྲོད་བྱས་རྗེས་དང་ཁྲིམས་ཁང་གིས་ནུས་ལྡན་བཅད་ཁྲ་མ་བྱས་གོང་།ད་གཟོད་རྒྱུ་ནོར་སྲུང་སྡོམ་བྱེད་དགོས།
        བཞི།གཏུག་བཤེར་ཁྲོད་རྒྱུ་ནོར་སྲུང་སྡོམ་བྱེད་པར་སྤྱིར་བཏང་གིས་དོ་བདག་པས་ཡིག་ངོས་ཀྱི་རེ་འདུན་ཞུ་དགོས།
        ལྔ།ཁྲིམས་ཁང་གིས་དོ་དམ་པར་ཁག་ཐེག་བྱེད་དགོས་པའི་བཀའ་བབས་ཆོག ཁྲིམས་ཁང་གིས་རེ་འདུན་ཞུ་མཁན་གྱི་རེ་འདུན་ལྟར།རྒྱུ་ནོར་སྲུང་སྡོམ་མ་བྱས་གོང་།རེ་འདུན་ཞུ་མཁན་ལ་ཁག་ཐེག་འདོན་སྤྲོད་བྱེད་དགོས་པའི་བཀའ་བབས་ཆོག་པ་བཅས་སོ། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1