གཙོ་ངོས།>> གསར་འགྱུར།>>བོད་ཁུལ་གཞན་དག

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༡༡ཚེས་༠༩ཉིན།

ཕོ་བྲང་པོ་ཏ་ལའི་རྒྱ་ཕིབས་ཚོགས་ཀྱི་ཞིག་གསོའི་ལས་གྲྭ་མཇུག་བསྒྲིལ་བ།

      ཉེ་ཆར། རིགས་གཅིག་མཁས་པས་ཕོ་བྲང་པོ་ཏ་ལའི་རྒྱ་ཕིབས་ཚོགས་ཀྱི་ཞིག་གསོའི་ལས་གྲྭར་ཞིབ་བཤེར་རྩིས་ལེན་བྱས་ཡོད་པ་དེས། དུས་ཡུན་ལོ་གཅིག་དང་ཕྱེད་རིང་ལ་ཕོ་བྲང་པོ་ཏ་ལའི་རྒྱ་ཕིབས་ཚོགས་དང་བཅས་པར་ཞིག་གསོ་བྱས་པའི་ལས་ཀ་མཇུག་བསྒྲིལ་བ་མཚོན། ཕོ་བྲང་པོ་ཏ་ལའི་ཡང་སྟེང་ལ་ཁྱོན་རྒྱ་ཕིབས་བདུན་ཡོད་ཅིང་། དུས་ཡུན་རིང་པོར་ཆར་རླུང་དང་ཉི་འོད་འོག་གནས་པས། རྒྱ་ཕིབས་ཚོགས་ཀྱི་རགས་རྩི་ལྷུང་སྟེ་མདོག་ཡལ་ཞིང་། ནང་གི་ཤིང་ཆ་ལ་ཆར་ཆུའི་གནོད་པ་ཐེབས་བཞིན་ཡོད། 

     2016ལོར། ཕོ་བྲང་པོ་ཏ་ལའི་དོ་དམ་ལས་ཁུངས་ཀྱིས་ཞིག་གསོ་རྣམ་གྲངས་རེ་ཞུ་བྱས་པར་གཞིགས་ནས། རྒྱལ་ཁབ་རིག་དངོས་ཅུས་ཀྱིས་སྔ་རྗེས་སུ་སྒོར་ཁྲི་3100ལྷག་གི་འགྲོ་སོང་བཏང་ནས། 2017ལོར་དངོས་སུ་ཕོ་བྲང་པོ་ཏའི་ཡང་སྟེང་གི་རྒྱ་ཕིབས་7དང་བུམ་པ7། དེ་བཞིན་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་བ་དང་བདུན་པ། བརྒྱད་པ་དང་དགུ་བ་བཅས་ཀྱི་སྐུ་གདུང་མཆོད་རྟེན་དང་། འཕགས་པ་ལྷ་ཁང་གི་རྒྱ་ཕིབས་ལྔ་དང་བཅས་པར་གཞི་གསོ་བྱེད་པའི་ལས་གྲྭ་འགོ་བརྩམས་པ་རེད། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1