ཡུན་ནན་གྱི་སེམས་ཀྱི་ཉི་ཟླར་2018ལོའི་དགུན་གྱི་ཁ་བ་ཐེངས་དང་པོ་བབས་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-12


     2018ལོའི་ཟླ་11པའི་ཚེས་7ཉིན་དགུན་ཚུགས་པ་དང་། ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་གྱི་སེམས་ཀྱི་ཉི་ཟླར་དགུན་གྱི་ཁ་བ་ཐེངས་དང་པོ་བབས་ཤིང་། ནགས་ཚལ་དང་མཚེའུ། རི་ཁུལ་གྱི་ཞིང་ཁ་སོགས་ཁ་བས་གཡོགས་ནས། བདེ་ཆེན་མཐོ་སྒང་དུ་དངུལ་མདོག་གིས་རྒྱན་པའི་ཡུལ་ལྗོངས་ཤིག་གྲུབ།   

     བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ནི་མཚོ་བོད་མཐོ་སྒང་གི་ཤར་ལྷོའི་མཚམས་དང་། འཕྲེད་རྒྱུག་རི་བོའི་ལྟེ་བར་གནས་ཤིང་། འདིར་ཡོད་པའི་རི་བོ་དང་གྲོག་རོང་ནི་འཛམ་གླིང་ཐོག་གྲགས་ཆེ་བའི་མཛེས་ལྗོངས་སྟེ་གཙང་གསུམ་མཉམ་དུ་བཞུར་བའི་ལྟེ་བའི་ས་ཁུལ་རེད། དེའི་མངའ་ཁོངས་ནང་ཁ་བ་དཀར་པོ་དང།  པེ་མངས་གངས་རི། ལྷག་པ། འབའ་ལྷག་དཀར་རྫོང་བཅས་སའི་གོ་ལ་ཕྱེད་བྱང་མའི་འཕྲེད་ཐིག་དམའ་ཤོས་ཐོག་གནས་པའི་གངས་རིའི་ཚོགས་ཡོད་པ་མ་ཟད། ད་དུང་མཐོང་བར་དཀོན་པའི་རྒྱ་མཚོའི་ངོས་ལས་ས་བབ་མཐོ་ཚད་དམའ་བའི་དེང་རབས་འཁྱགས་རོམ་སྟེ་མིང་ཡང་ཆ་དང་སི་ཆ་སོགས་ཡོད་པས། ཡུལ་སྐོར་བ་མང་པོ་གནས་འདིར་ཡུལ་སྐོར་དུ་ཡོང་རྒྱུའི་ཡིད་དབང་བཀུག་བཞིན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1