ལི་ཐང་རྫོང་མོ་ལ་སྨད་ཤང་དུ་ཤ་མོའི་ཡོང་འབབ་ཆེན་པོ་བྱུང་བ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-13



 
         མི་དམངས་ཉིན་རེའི་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། སི་ཁྲོན་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ལི་ཐང་རྫོང་མོ་ལ་སྨད་ཤང་གི་ཤ་མོའི་ཐོན་ལས་རྟེན་གཞིར་དམག་ངན་སྟོད་གྲོང་ཚོའི་གྲོང་མི་གྲགས་པས་ཤ་མོ་འཐུས་ནས་ཐུམ་སྒྲིལ་བརྒྱབ་རྗེས་ཤ་མོ་སོས་པ་ཁྲེང་ཏུའུ་གྲོང་ཁྱེར་དུ་དབོར་བར་བྲེལ་བཞིན་འདུག ཁོང་གིས་ང་ཚོ་ཐག་རིང་ལུང་ཁུག་ཏུ་ཤ་མོ་ལས་ཡོང་འབབ་འདི་ལྟ་བུ་ཡོང་བ་རྨི་ལམ་དུའང་འཁོར་མྱོང་མེད་ཅེས་བཤད།
         དུད་ཚང་དབུལ་པོ་གྲགས་པས་ཐག་རིང་ལུང་ཁུག་ཏུ་ས་རྒྱུ་ཞན་པས་རྨོ་ཞིང་ཉུང་བ་དང་གྲོང་མི་ཚོའི་འཚོ་བ་འཁྱོལ་དཀའ་མོད། འོན་ཀྱང་མོ་ལ་སྨད་ཤང་འདི་ཉིད་ས་བབ་མཐོ་ཁུལ་དུ་གནས་པ་དང་ཉིན་མཚན་གྱི་དྲོད་ཚད་ཧེ་བག་ཆེ་བས་ཤ་མོ་འཚར་སྐྱེ་ཡོང་རྒྱུར་འཚམ་པོ་ཡོད་པ་མ་ཟད། འདི་གར་ནགས་ཚལ་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་ལ་བེ་སྡོང་སོགས་རྒྱུ་ཆའང་འབེལ་པོ་ཡོད་ཅེས་བཤད།
         2017ལོའི་ཟླ་6པར་དམག་ངན་སྟོད་གྲོང་ཚོ་ལྟེ་བར་བྱས་ཏེ་དུད་ཚང་དབུལ་པོའི་ས་ཞིང་གཉེར་སྐྱོང་དབང་ཆ་གཞན་སྒྱུར་བྱས་ནས་གྲོང་ཚོ་དབུལ་པོའི་ཐོན་ལས་དབུལ་སྐྱོར་གྱི་མ་དངུལ་བེད་སྤྱོད་ཡག་པོ་བྱས་ཡོད། “ཕྱུག་འགྱུར་སྣེ་འཁྲིད་པ་དང་། གྲོང་ཚོའི་ཐོན་ལས་མཉམ་ལས་ཁང་། ཞིང་དུད”སོགས་ལྷན་དུ་འབྲེལ་བའི་རྣམ་པ་སྣ་ཚོགས་ཀྱི་གཉེར་སྐྱོང་རྣམ་པ་སྤྱད་དེ་ཤ་མོའི་ཐོན་ལས་རྟེན་གཞི་མུའུ་3གསར་སྐྲུན་བྱས་པ་རེད།
        ཤ་མོའི་ཐོན་ལས་རྟེན་གཞིས་ཁྲོམ་ར་ཅན་གྱི་རྣམ་པའི་ཐོག་ནས་ཆེད་ལས་ལག་རྩལ་མི་སྣ་གདན་དྲངས་ཏེ་རྫོང་ཞིང་འབྲོག་ཅུས་དང་ཚན་ཞིབ་ཁང་དང་སུའོ་དབར་མཉམ་ལས་གཏིང་ཟབ་བྱས་ནས་སོན་བཟང་དང་། བྱེད་ཐབས་གསར་པ། ལག་རྩལ་གསར་པ་བཅས་ཁྱབ་གདལ་ཤུགས་ཆེན་བཏང་བ་དང་། ཞིང་ལས་ལག་རྩལ་པ་གསོ་སྦྱོང་བྱས་ཏེ་འདེབས་འཛུགས་དུད་ཚང་གིས་ཤ་མོའི་འདེབས་འཛུགས་ལ་ཕན་པའི་ལག་རྩལ་ཁོང་དུ་ཆུད་པ་བྱས་པ་རེད།
        དམག་ངན་སྟོད་ཤང་གིས་ཁྲེང་ཏུའུ་གྲོང་ཁྱེར་ཤིན་ཏུའུ་ཆུས་དང་ཅིན་ཐང་རྫོང་གི་ཆ་སྒྲིག་རོགས་སྐྱོར་གྱི་མཉམ་ལས་སྟེགས་བུར་བརྟེན་པ་དང་རོགས་སྐྱོར་བྱ་ཡུལ་གྱི་དུས་ཆེན་དང་རྟེན་འབྲེལ་བྱེད་སྒོར་བརྟེན་ནས“ཐེན་ལིང་ཅན”ཅིན་ཐང་གི་སྤུས་ལེགས་ཞིང་ལས་ཐོན་རྫས་སྤུས་རྟགས་དང་ཤིན་ཏུའུ་ཆུས་ལི་ཐང་གི་ཞིང་འབྲོག་ཐོན་རྫས་ཉམས་ལེན་ཁང་དབར་ཕྱིར་འཚོང་མཉམ་ལས་འབྲེལ་བ་བཙུགས་ཏེ་དམག་ངན་སྨད་ཆེད་སྒྲོམ་བཙུགས་ནས་ཤ་མོའི་ཐོན་རྫས་ཕྱིར་འཚོང་བྱེད་ཀྱི་ཡོད། ཅིན་ཐང་རྫོང་གི་ལས་ཁུངས་དང་སློབ་གྲྭའི་དབར་མཉམ་ལས་འབྲེལ་བ་བཙུགས་ཏེ་འདི་ལོ་ཐོན་སྐྱེད་བྱས་པའི་ཤ་མོ་སོས་པ་སྤྱི་རྒྱ་1000ཅིན་ཐང་རྫོང་ལ་ཕྱིར་འཚོང་བྱས་པ་རེད། ཤ་མོ་ཐོན་པའི་སྐབས་སུ་ཟླ་རེར་ཤ་མོ་སོས་པ་སྤྱི་རྒྱ་200ཕྱིར་འཚོང་བྱེད་ཀྱི་ཡོད་པར་ཡོང་འབབ་སྒོར་ཁྲི་2ལྷག་ཙམ་ཡོང་གི་ཡོད་པ་རེད། ཐུང་ཅང་རྫོང་རུའེ་ཁང་ཚན་རྩལ་ཚད་ཡོད་ཀུང་སི་དང་ཉོ་ཚོང་གྲོས་ཆོད་བཞག་སྟེ་ལོར་ཤ་མོ་སྐམ་པོ་སྤྱི་རྒྱ་ཁྲི་2ཕྱིར་འཚོང་བྱེད་ཀྱི་ཡོད་ལ། དུས་འགོའི་ཚོད་འདེབས་དང་ཁྱབ་གདལ་བརྒྱུད་ཤ་མོ་འདེབས་ཁྱོན་དོ་པོ་ཁྲི་3ཟིན་ནས་ལོར་ཐོན་རྫས་རིན་ཐང་སྒོར་ཁྲི་50ལྷག་ཙམ་ཟིན་གྱི་ཡོད།
        འདི་ལོར་འབྲུ་སྣ་ལྔའི་ཨ་རག་ཚོགས་པས་དམག་ངན་སྟོད་གྲོང་ཚོར་ཁ་གཏད་རོགས་སྐྱོར་བྱེད་པའི་གོ་སྐབས་སྤྱད་དེ་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་། རོགས་སྐྱོར་གྱི་ནང་དོན་གཏིང་ཟབ་ཏུ་གཏོང་བ། རྒྱབ་སྐྱོར་དང་ཁྲིད་སྟོན་ཧུར་ཐག་བྱེད་པ་བཅས་བྱས་ཏེ“རོགས་སྐྱོར་ཚན་པ་དང་། གྲོང་ཚོའི་ཐོན་ལས་མཉམ་ལས་ཁང་། ཕྱུག་འགྱུར་སྣེ་འཁྲིད་པ”བཅས་ལྷན་དུ་འབྲེལ་བའི་དབུལ་སྒྲོལ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རགས་ཙམ་ཆགས་པ་བྱས་པ་དང་། འབྲུ་སྣ་ལྔའི་ཨ་རག་གིས་དམག་ངན་སྟོད་དུ་ཞིང་ཞོར་ཐོན་རྫས་ཆེད་ལས་མཉམ་ལས་ཁང་འཛུགས་རྩིས་ཡོད་པ་དང་། གཞི་ཁྱོན་དོ་པོ་ཁྲི་30ཟིན་པའི་ཤ་མོའི་ཐོན་སྐྱེད་རྟེན་གཞི་བསྐྲུན་ནས་ཐོན་ལས་ཀྱི་གཞི་ཁྱོན་འཕྲལ་མར་ཆགས་པ་བྱ་རྒྱུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1