སྟག་གདོང་གྲོང་ཚོས་ཡུལ་སྐོར་ཐོན་ལས་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་བཏང་བ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-15


     ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་གྱི་སྟག་གདོང་གྲོང་ཚོ་ནི་ལྷ་ས་གྲོང་ཁྱེར་གྱི་ལྟེ་བ་ནས་བར་ཐག་སྤྱི་ལེ་18ཡོད་ཅིང་། འདིར་འགྲིམ་འགྲུལ་སྟབས་བདེ་ལ་། རང་བྱུང་མཛེས་ལྗོངས་ལྟ་ན་སྡུག་པ་དང་།  ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། བྱ་ཝང་དང་སྨན་རྩྭ་སོགས་སྐྱེ་དངོས་ཐོན་ཁུངས་སྣ་ཚོགས་ལྡན་པས། དེ་ལ"ཉི་མའི་རུ་ཁུག"ཞེས་འབོད་ཀྱི་ཡོད་པ་རེད། ཉེ་བའི་ལོ་འགའི་རིང་། སྟག་གདོང་གྲོང་ཚོས་ནུས་ཤུགས་ཆེན་པོས་སྤྲོ་གསེང་དང་གྲོང་གསེབ་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་བཏང་ནས། ཡུལ་སྐོར་ཐོན་ལས་ཀྱིས་གྲོང་ཚོ་དར་རྒྱས་གཏོང་རྒྱུར་སྐུལ་སྤེལ་བཏང་བས། "མཛེས་སྡུག་ལྡན་པའི་འཕོ་འགྱུར"མངོན་འགྱུར་བྱུང་བཞིན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1