༄༅། །བརྩམས་ཆོས་བདག་དབང་བཅའ་ཁྲིམས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-16


ལེའུ་དང་པོ། སྤྱིའི་རྩ་དོན།

         བཅའ་ཁྲིམས་འདི་ནི་རྩོམ་རིག་བརྩམས་ཆོས་དང་སྒྱུ་རྩལ་བརྩམས་ཆོས། ཚན་རིག་བརྩམས་ཆོས་བཅས་ཀྱི་རྩོམ་པ་པོའི་བདག་དང་འབྲེལ་བའི་ཁེ་དབང་ལ་སྲུང་སྐྱོང་། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་དང་དངོས་པོ་དཔལ་ཡོན་འཛུགས་སྐྲུན་ལ་ཕན་པའི་བརྩམས་ཆོས་ཀྱི་གསར་རྩོམ་དང་ཁྱབ་བརྡལ་ལ་སྐུལ་འདེབས་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དང་ཚན་རིག་བྱ་བཞག་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་གཏོང་བ་བཅས་ཀྱི་ཆེད་དུ་རྩ་ཁྲིམས་གཞིར་བཟུང་སྟེ་གཏན་འབེབས་བྱས། བརྩམས་ཆོས་བདག་དབང་ཡོད་མཁན་གྱིས་བརྩམས་ཆོས་བདག་དབང་སྤྱོད་སྐབས་རྩ་ཁྲིམས་ལས་འགལ་མི་རུང་ཞིང་སྤྱི་བའི་ཁེ་ཕན་ལ་གནོད་པ་གཏོང་མི་རུང་།

ལེའུ་གཉིས་པ། བརྩམས་ཆོས་བདག་དབང་།

        བཏོན་ཟིན་པའི་བརྩམས་ཆོས་གང་ཞིག་ལ་བསྒྱུར་སྒྲིག་གམ་ཡིག་བསྒྱུར། མཆན་འདེབས་སམ་ལེགས་སྒྲིག་མཁན་ནམ་བསྒྱུར་མཁན།། མཆན་འདེབས་མཁན་ནམ་ལེགས་སྒྲིག་བྱེད་མཁན་ལ་དབང་། འོན་ཀྱང་བརྩམས་ཆོས་བདག་དབང་སྤྱོད་སྐབས་མ་རྩོམ་གྱི་བརྩམས་ཆོས་བདག་དབང་ལ་ཐེ་གཏོགས་བྱ་མི་རུང་།མི་གཉིས་ལས་མང་བས་མཉམ་འབྲེལ་གྱིས་གསར་རྩོམ་བྱས་པའི་བརྩམས་ཆོས་ཀྱི་བརྩམས་ཆོས་བདག་དབང་དེ་མཉམ་འབྲེལ་རྩོམ་པ་པོ་རྣམས་ལ་ཐུན་མོང་དུ་དབང་།

         གློག་བརྙན་བརྩམས་ཆོས་སམ་ཡང་ན་གློག་བརྙན་ཕབ་བསྐྲུན་བྱེད་སྟངས་རིགས་འདྲ་བའི་གསར་རྩོམ་བརྩམས་ཆོས་བརྩམས་ཆོས་བདག་དབང་དེ་བརྙན་བསྐྲུན་མཁན་ལ་དབང་། འོན་ཀྱང་འཁྲབ་གཞུང་རྩོམ་མཁན་དང་འཁྲབ་ཁྲིད་པ། ཚིག་རྩོམ་མཁན། དབྱངས་རྩོམ་མཁན་སོགས་རྩོམ་པ་པོ་གཞན་དག་ལ་མིང་འགོད་དབང་ཆ་ཡོད་པ་མ་ཟད། བརྙན་བསྐྲུན་མཀན་དང་བཞག་པའི་གན་རྒྱ་གཞིར་བཟུང་སྟེ་གླ་ཆ་ཐོབ་པའི་དབང་ཆ་ཡང་ཡོད།

         གློག་བརྙན་བརྩམས་ཆོས་སམ་ཡང་ན་གློག་བརྙན་ཕབ་སྐྲུན་བྱེད་སྟངས་དང་རིགས་འདྲ་བའི་གསར་རྩོམ་བརྩམས་ཆོས་ཁྲོད་ཀྱི་འཁྲབ་གཞུང་དང་རོལ་མོ་སོགས་ལོགས་སུ་བེད་སྤྱོད་གཏོང་ཆོག་པའི་བརྩམས་ཆོས་ཀྱི་རྩོམ་པ་པོར་གང་དེའི་བརྩམས་ཆོས་བདག་དབང་ལོགས་སུ་སྤྱོད་ཆོག་པའི་དབང་ཆ་ཡོད། རྩོམ་པ་པོའི་མིང་འགོད་དབང་ཆ་དང་བཟོ་བཅོས་དབང་ཆ། བརྩམས་ཆོས་ཚ་ཚང་ལ་སྲུང་སྐྱོང་བྱེད་པའི་དབང་ཆ་བཅས་ཀྱི་སྲུང་སྐྱོང་དུས་ཡུན་ལ་ཚད་བཀག་མེད།

         མི་སྒེར་གྱིས་སློབ་སྦྱོང་དང་ཞིབ་འཇུག རོལ་མྱོང་བྱེད་པའམ། དཔེ་ཁང་དང་ཡིག་ཚང། དྲན་གསོ་ཁང་། དངོས་མང་བཤམས་སྟོན་ཁང་། མཛེས་རྩལ་ཁང་སོགས་སུ་བཤམས་སྟོན་ནམ་པར་གཞི་ཉར་ཚགས་བྱེད་པ། ཡང་ན་བཏོན་ཟིན་པའི་བརྩམས་ཆོས་གང་ཞིག་ལོང་ཡིག་ཏུ་པར་བསྐྲུན་བྱེད་པ་བཅས་ཀྱི་ཆེད་དུ་བརྩམས་ཆོས་སྤྱོད་སྐབས་བརྩམས་ཆོས་བདག་དབང་ཡོད་མཁན་གྱི་ཆོག་མཆན་འགོད་མི་དགོས་ཤིང་བརྩམས་ཆོས་བདག་དབང་ཡོད་མཁན་ལ་གླ་ཆ་ཡང་སྤྲོད་མི་དགོས། འོན་ཀྱང་རྩོམ་པ་པོའི་རུས་མིང་དང་བརྩམས་ཆོས་ཀྱི་མིང་གསལ་པོ་སྟོན་དགོས་པ་མ་ཟད། བརྩམས་ཆོས་བདག་དབང་ཡོད་མཁན་གྱི་ཁྲིམས་འདི་ཉིད་དང་མཐུན་པའི་ཁེ་དབང་གཞན་དག་ལ་གནོད་སྐྱེལ་མི་རུང་།

ལེའུ་གསུམ་པ། བརྩམས་ཆོས་བདག་དབང་སྤྱོད་ཆོག་པ་དང་གཞན་ལ་བཤུག་པའི་གན་རྒྱ།

       བཅའ་ཁྲིམས་འདིར་གཏན་འབེབས་བྱས་པ་ལས་བེད་སྤྱོད་ཆོག་མཆན་འགོད་མི་དགོས་པ་དག་ཕུད། མི་གཞན་གྱི་བརྩམ་ཆོས་བེད་སྤྱོད་བྱེད་སྐབས་དེའི་བརྩམས་ཆོས་བདག་དབང་ཡོད་མཁན་གྱི་བར་དུ་སྤྱོད་ཆོག་གན་རྒྱ་འཇོག་དགོས། སྤྱོད་ཆོག་གན་རྒྱ་རུ་གཤམ་གསལ་ནང་དོན་གཙོ་བོ་ཁག་འདུ།

གཅིག སྤྱོད་ཆོད་ཁེ་དབང་གི་རིགས།

གཉིས། སྤྱོད་ཆོག་ཁེ་དབང་ལ་བེད་སྤྱོད་དབང་ཆ་ཆེད་དུ་མངའ་བའམ་བེད་སྤྱོད་དབང་ཆ་ཆེད་དུ་མི་མངའ་བ།

གསུམ། སྤྱོད་ཆོག་པའི་ཚད་གཞི་དང་སྤྲོད་ཐབས།

ལྔ། གན་རྒྱ་དང་འགལ་བའི་འགན་འཁྲི།

དྲུག ཕྱོགས་གཉིས་ཀས་ཁ་ཆད་འཇོག་དགོས་པའི་ནང་དོན་གཞན་དག

ལེའུ་བཞི་བ། དཔེ་སྐྲུན་དང་འཁྲབ་སྟོན། སྒྲ་ཕབ་གཟུགས་ལེན། གཏོང་བ།

      དཔེ་དེབ་དཔེ་སྐྲུན་མཁན་གྱི་བརྩམས་ཆོས་བསྐྱར་དཔར་རམ་བསྐྱར་པར་བྱེད་པར་གསུངས་རྩོམ་བདག་དབང་ཡོད་མཁན་ལ་བཤད་དགོས་ཤིང་གླ་ཆ་ཡང་སྤྲོད་དགོས། དཔེ་དེབ་བཙོང་ཚར་རྗེས་སུ་དཔེ་སྐྲུན་མཁན་གྱིས་བསྐྱར་དཔར་རམ་བསྐྱར་པར་མི་བྱེད་ན་བརྩམས་ཆོས་བདག་དབང་ཡོད་མཁན་ལ་གན་མཚམས་འཇོག་པའི་དབང་ཆ་ཡོད།

       བརྩམས་ཆོས་བདག་དབང་ཡོད་མཁན་གྱིས་ཚགས་པར་ཁང་དང་དུས་དེབ་ཁང་དུ་རྩོམ་བསྐུར་ཚེ། རྩོམ་ཡིག་བསྐུར་ཉིན་ནས་བརྩིས་པའི་ཉིན་བཅོ་ལྔའི་ནང་དུ་ཚགས་པར་ཁང་གིས་ཚགས་པར་དུ་འགོད་རྒྱུ་ཐག་བཅད་པའི་བརྡ་མ་འབྱོར་བའམ། རྩོམ་ཡིག་བསྐུར་ཉིན་ནས་བརྩིས་པའི་ཉིན་སུམ་ཅུའི་ནང་དུ་དུས་དེབ་ཁག་གིས་དུས་དེབ་ཏུ་འགོད་རྒྱུ་ཐག་བཅད་པའི་བརྡ་མ་འབྱོར་བའི་གནས་ཚུལ་འོག་ཏུ་རྩོམ་ཡིག་གང་དེ་ཚགས་པར་ཁང་དང་དུས་དེབ་ཁང་གཞན་དུ་བསྐུར་ཆོག   ཕྱོགས་གཉིས་ལ་ཁ་ཆད་ཡོད་པ་ཕུད།རྩོམ་པ་པོའི་ཆོག་མཆན་ཐོབ་རྗེས་དཔེ་སྐྲུན་མཁན་གྱིས་བརྩམས་ཆོས་ལ་བཟོ་བཅོས་དང་ཡི་གེ་ཉུང་འཕྲི་བྱ་ཆོག

འཁྲབ་སྟོན་མཁན་ལ་ཁོ་རང་གི་འཁྲབ་སྟོན་ལས་གནམ་གསལ་གྱི་ཁེ་དབང་ཡོད།

གཅིག འཁྲབ་སྟོན་གྱི་ཐོབ་ཐང་གསལ་བཤད་བྱེད་པ།

གཉིས། འཁྲབ་སྟོན་གྱི་རྣམ་པ་འཁྱོག་བཟོ་མི་བྱེད་པར་སྲུང་སྐྱོང་བྱེད་པ།

གསུམ། མི་གཞན་གྱིས་ཡུལ་དངོས་ནས་ཐད་གཏོང་དང་ཡུལ་དངོས་ཀྱི་འཁྲབ་སྟོན་ཡོངས་བསྒྲགས་ཀྱིས་སྐྱེལ་གཏོང་བྱེད་པར་ཆོ་མཆན་བཀོད་དེ་གླ་ཆ་ཐོབ་པ། 

བཞི། མི་གཞན་གྱིས་འཁྲབ་སྟོན་པ་གང་དེའི་ཐོག་ནས་སྤྱི་དམངས་ལ་འཁྲབ་སྟོན་པ་གང་དེའི་འཁྲབ་སྟོན་སྒྲོག་སྤེལ་བྱེད་ཆོག་པ་པས་ལེན་བྱས་ཏེ་གླ་ཐོབ་པ།

ལྔ། མི་གཞན་གྱིས་འཁྲབ་སྟོན་པ་གང་དེའི་འཁྲབ་སྟོན་ཡོད་པའི་སྒྲ་ཕབ་གཟུགས་བླངས་དངོས་པོ་འདྲ་བཟོ་དང་འགྲེམ་སྤེལ་ཆོག་པ་ཁས་ལེན་བྱས་ཏེ་གླ་ཆ་ཐོབ་པ།

དྲུག མི་གཞན་གྱིས་བརྡ་འཕྲིན་དྲ་བའི་ཐོག་ནས་སྤྱི་དམངས་ལ་འཁྲབ་སྟོན་པ་གང་དེའི་འཁྲབ་སྟོན་སྒྲོག་བྱེད་ཆོག་པ་ཁས་ལེན་བྱས་ཏེ་གླ་ཆ་ཐོབ་པ།

          སྒྲ་ཕབ་གཟུགས་ལེན་བྱེད་མཁན་གྱིས་གང་དེས་བཟོ་སྐྲུན་བྱས་པའི་སྒྲ་ཕབ་གཟུགས་བླངས་དངོས་པོ་ལ་མི་གཞན་གྱིས་འདྲ་བཟོ་དང་འགྲེམ་སྤེལ། གླ་བ། ཡང་ན་བརྡ་འཕྲིན་དྲ་བ་བརྒྱུད་དེ་སྤྱི་དམངས་ལ་བརྒྱུད་བསྒྲགས་བྱེད་ཆོག་པར་ཁས་བླངས་ནས་གླ་ཆ་ཐོབ་པའི་ཁེ་དབང་ཡོད་ཅིང་། ཁེ་དབང་གི་སྲུང་སྐྱོང་དུས་ཡུན་ནི་ལོ་ལྔ་བཅུ་ཡིན་ཏེ་དངོས་པོ་དེ་ཐོག་མར་བཟོ་བསྐྲུན་བྱས་ཚར་པ་ནས་ལོ་ལྔ་བཅུའི་རྗེས་ཀྱི་ཟླ་༡༢པའི་ཚེས༣༡བར་ཡིན། རླུང་འཕྲིན་ལས་ཁུངས་དང་བརྙན་འཕྲིན་ལས་ཁུངས་ཀྱིས་མི་གཞན་གྱིས་སྤེལ་མེད་པའི་བརྩམས་ཆོས་སྟོན་སྐབས་བརྩམས་ཆོས་བདག་དབང་ཡོད་མཁན་གྱི་སྟོན་ཆོག་ཁས་ལེན་ཐོབ་དགོས་ཤིང་གླ་ཆ་ཡང་སྤྲོད་དགོས།

ལེའུ་ལྔ་བ། ཁྲིམས་ལུགས་འགན་འཁྲི་དང་ཁྲིམས་འཛིན་བྱེད་ཐབས།

          བརྩམས་ཆོས་བདག་དབང་དང་བརྩམས་ཆོས་བདག་དབང་འབྲེལ་བའི་ཁེ་དབང་ལ་གནོད་སྐྱེལ་མཁན་གྱིས་ཁེ་དབང་ཡོད་མཁན་གྱི་དོན་དངོས་གྱོང་གུན་ལྟར་སྤྱི་ཚབ་སྤྲོད་དགོས། དོན་དངོས་གྱོང་གུན་འཇལ་ཐབས་མེད་སྐབས་གནོད་སྐྱེལ་མཁན་གྱིས་ཁྲིམས་འགལ་ཡོང་འབབ་གཞིར་བཟུང་སྟེ་སྐྱིན་ཚབ་སྤྲོད་དགོས། སྐྱིན་དངུལ་གྲངས་ཀ་རུ་ཁེ་དབང་ཡོད་མཁན་གྱིས་གནོད་སྐྱེལ་བྱ་སྤྱོད་འགོག་ཆེད་བཏང་བའི་ལུགས་མཐུན་འགྲོ་གྲོན་ཡང་འདུ། མི་དམངས་ཁྲིམས་ཁང་གིས་གྱོད་དོན་ཞིབ་བཤེར་ཐག་གཅོད་བྱེད་སྐབས་བརྩམས་ཆོས་བདག་དབང་ངམ་བརྩམས་ཆོས་བདག་དབང་དང་འབྲེལ་བའི་ཁེ་དབང་ལ་གནོད་སྐྱེལ་འདྲ་བཟོའི་དངོས་པོ། ཁྲིམས་འགལ་བྱེད་སྒོ་སྤེལ་བྱེད་ཀྱི་རྒྱུ་ནོར་གཞུང་བཞེས་བཏང་ཆོག

          བརྩམས་ཆོས་བདག་དབང་གི་རྩོད་གླེང་དེ་སྙོམས་སྒྲིག་བྱེད་ཆོག་པ་མ་ཟད་དོ་བདག་མིའི་བར་དུ་བཞག་པའི་ཆོད་ཡིག་གམ་བརྩམས་ཆོས་བདག་དབང་གི་གན་རྒྱ་ལས་བར་སྡུམ་ཐག་གཅོད་དོན་ཚན་གཞིར་བཟུང་སྟེ་བར་སྡུམ་ལས་ཁུངས་ལ་བར་སྡུམ་རེ་ཞུ་བྱས་ཆོག  དོ་བདག་མི་ལ་ཡིག་ཐོག་གི་བར་སྣུམ་ཆོད་ཡིག་མེད་པ་མ་ཟད་བརྩམས་ཆོས་བདག་དབང་གི་གན་རྒྱ་རུ་བར་སྡུམ་དོན་ཚན་ཡང་བཞག་མེད་སྐབས་ཐད་ཀར་མི་དམངས་ཁྲིམས་ཁང་ལ་གཏུག་གཤེར་བྱས་ཆོག།

དོ་བདག་མིས་སྲིད་འཛིན་ཆད་པ་ཁས་མི་ལེན་ཚེ་སྲིད་འཛིན་ཆད་པ་ཐག་གཅོད་ཡི་གེ་འབྱོར་ཉིན་ནས་བརྩིས་པའི་ཟླ་བ་གསུམ་གྱི་ནང་དུ་མི་དམངས་ཁྲིམས་ཁང་ལ་གཏུག་གཤེར་བྱས་ཆོག    དུས་ཚོད་ལ་ཐོན་ཡང་གཏུག་གཤེར་མི་བྱེད་ཅིང་ལག་བསྟར་ཡང་མི་བྱེད་སྐབས་བརྩམས་ཆོས་བདག་དབང་གི་སྲིད་འཛིན་བདག་དམ་ལས་ཁུངས་ཀྱིས་མི་དམངས་ཁྲིམས་ཁང་ལ་ལག་བསྟར་བྱེད་རྒྱུ་རེ་ཞུ་བྱས་ཆོག  

ལེའུ་དྲུག་པ། ཞར་བྱུང་དོན་ཚན།

           ཁྲིམས་འདི་ལས་བརྩམས་ཆོས་བདག་དབང་ཞེས་པ་ནི་པར་དབང་ལ་གོ རྩིས་འཁོར་མཉེན་ཆས་དང་བརྡ་འཕྲིན་དྲ་བའི་གཏོང་སྤེལ་དབང་ཆའི་སྲུང་སྐྱོང་བྱེད་ཐབས་དེ་རྒྱལ་ཐབས་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འབེབས་གཞན་བྱེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1