དཀར་མཛེས་ཀྲོའུ་ཡི་ས་བབ་མཐོ་བའི་གྲོང་ཚོར་སྔོ་ཚལ་བཟའ་རྒྱུ་བྱུང་བ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-19



     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། སི་ཁྲོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་གུང་། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་དཀར་མཛེས་རྫོང་འདན་མ་གྲོང་རྡལ་ཏེ་ཀེ་གྲོང་ཚོའི་དུད་ཚང་དབུལ་པོ་ལྷོ་རོང་དར་རྒྱས་ཀྱིས་རང་ཁྱིམ་གྱི་སྔོ་ཚལ་དྲོད་ཁང་ནས་ཨོ་སུན་དང་། པོ་ཚལ། ཀྲོ་མ་ཀྲུ་བཅས་བཏུས་ཏེ་ཕྲུ་གུ་ཚོར་དགོང་ཟས་གྲ་སྒྲིག་བྱེད་བཞིན་འདུག ཁོང་གིས“སྔོ་ཚལ་སོས་པ་བཟའ་རྒྱུ་བྱུང་བ་ནི་ཁ་གཏད་རོགས་སྐྱོར་བྱེད་མཁན་ལྷོ་ནུབ་ནོར་དཔལ་སློབ་ཆེན་ཐན་ཧྥུའུ་སློབ་གླིང་གི་བཀའ་དྲིན་རེད”ཅེས་བཤད།
     ཏེ་ཀེ་གྲོང་ཚོ་ནི་ཆ་སྙོམས་ས་བབ་སྨི་3500ཡོད་ལ་ས་མཐོའི་མཐོ་གྲང་ཁུལ་དུ་གནས་ཡོད། རང་བྱུང་ཆ་རྐྱེན་ཞན་པ་དང་ལོ་འཁོར་མོར་ཐན་པ་བསྟན་པ་དང་ཆུ་དཀོན་པས། ཏེ་ཀེ་གྲོང་ཚོས་ལོ་མང་རིང་། ནས་དང་ཞོག་ཁོག་བཏབ་ནས་འཚོ་ཐབས་བྱེད་ཀྱི་ཡོད། གྲོང་མི་ཚོས་ལོ་འཁོར་མོར་གཙོ་བོ་རྩམ་པ་བཟའ་གི་ཡོད་པས་ཟས་རིགས་སྣ་ཁ་འཛོམས་པོ་མེད། ཤ་དང་སྔོ་ཚལ་ནི་ནས་འཁྱེར་ནས་བརྗེ་དགོས་ཀྱི་ཡོད།
     འདི་ལོའི་ཟླ་3པར། ནུབ་བྱང་ནོར་དཔལ་སློབ་ཆེན་ཐན་ཧྥུའུ་སློབ་གླིང་གི་གྲོང་སྡོད་ལས་བྱེད་པས་ཏེ་ཀེ་གྲོང་ཚོར་བཅའ་སྡོད་བྱས་རྗེས་གོང་གསལ་གྱི་གནས་ཚུལ་དེ་ཤེས། ཁོང་ཚོས་སློབ་གྲྭའི་འགོ་ཁྲིད་དང་ས་གནས་ས་ཐོག་ཏུ་བརྟག་ཞིབ་ཐེངས་མང་བྱས་པ་མ་ཟད། འདན་མ་གྲོང་རྡལ་གྱི་ཏང་ཨུད་དང་། ཏེ་ཀེའི་གྲོང་ལྷན། གྲོང་མི་བཅས་དང་སྤེལ་རེས་ཡང་ཡང་བྱས་པ་བརྒྱུད། མཐར་སློབ་གྲྭས་མ་དངུལ་སྒོར་42600བཏང་ནས་དུད་ཚང་དབུལ་པོ་10ཚང་མར་སྨི་ངོས་གྲུ་32ཟིན་པའི་སྔོ་ཚལ་དྲོད་ཁང་རེ་བསྐྲུན་པས་དུད་ཚང་དབུལ་པོའི་སྔོ་ཚལ་མཁོ་སྤྲོད་ཐག་གཅོད་བྱུང་བ་མ་ཟད། ཁོང་ཚོའི་འཚོ་བའི་སྤུས་ཚད་ཀྱང་ལེགས་སུ་ཕྱིན་ཡོད། ཟླ་5པའི་ཟླ་འགོར་རྣམ་གྲངས་བདེ་བླག་ངང་ལག་ལེན་བསྟར་ཟིན་ཡོད།
     ཐན་ཧྥུའུ་སློབ་གླིང་གིས་ཞིང་པའི་མཚན་མོའི་སློབ་གྲྭའི་ཟུར་ཁྲིད་བརྒྱུད། གྲོང་མིའི་སྔོ་ཚལ་འདེབས་འཛུགས་ཀྱི་རྩལ་ནུས་ཆེ་རུ་བཏང་བ་མ་ཟད། སྔོ་ཚལ་འདེབས་འཛུགས་ལག་རྩལ་གྱི་ཟུར་ཁྲིད་པའི་སྤྱི་ཕན་ལས་གནས་བཙུགས་ཏེ། ཟླ་རེར་ཁ་གསབ་སྒོར་600སྤྲད་པ་དང་། སྔོ་ཚལ་འདེབས་འཛུགས་ཐད་ཉམས་མྱོང་ལྡན་པའི་གྲོང་མི་གདན་ཞུ་བྱས་ཏེ་ཚང་མར་སྔོ་ཚལ་འདེབས་སྟངས་དམར་ཁྲིད་བྱས་ཡོད། གཡོག་བྱེད་ཞིབ་ཚགས་བྱས་པ་བརྒྱུད། དྲོད་ཁང་གི་སྔོ་ཚལ་སྐྱེ་འཚར་ཡག་པོ་བྱུང་ཡོད། ལྷོ་རོང་དར་རྒྱས་ཀྱིས་སླད་ཕྱིན་ང་ཚོར་སྔོ་ཚལ་སོས་པ་བཟའ་རྒྱུ་མེད་པའི་སེམས་ཁྲལ་བྱེད་དགོས་མེད་ལ་ཁྱིམ་ནང་གི་ནས་ལྷག་མ་བཙོངས་ནས་ཡོང་འབབ་ཀྱང་གསོག་ཐུབ་ཅེས་བཤད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1