གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། ༢༠༡༨ལོའི་ཟླ་བ་༡༡ཚེས་༢༧ཉིན།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ཕཱ་ཁི་སི་ཐན་ནས་བྱུང་བའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་གཉིས་ལ་རྒོལ་གཏམ་བཏང་།


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་ཉེར་གསུམ་ཉིན་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། ཉིན་དེར་ཕཱ་ཁི་སི་ཐན་ནས་བྱུང་བའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་གཉིས་ལ་རྒོལ་གཏམ་བཏང་། 

        གསལ་སྒྲོག་ལས་བཤད་རྒྱུར། ཀུའུ་ཐི་ལོས་སི་ཡིས་ཕཱ་ཁི་སི་ཐན་གྱི་ཁཱ་ལཱ་ཆི་རུ་སྡོད་པའི་དོན་གཅོད་ཁང་ལ་དམིགས་པའི་འཇབ་རྒོལ་དང་ཕཱ་ཁི་སི་ཐན་ནུབ་བྱང་ས་ཁུལ་ནས་བྱུང་བའི་འཇིགས་སྐུལ་འཇབ་རྒོལ་རྒོལ་གཏམ་བཏང་བ་དང་། འདས་པོའི་ཁྱིམ་མིར་སེམས་ཁུར་བྱས་པ་དང་། རྨས་མ་དག་སྔ་མོ་ནས་བདེ་ཐང་ཡོང་བའི་སྨན་འདུན་ཞུས། 
        ཀུའུ་ཐི་ལོས་སི་ཡིས་ཕཱ་ཁི་སི་ཐན་སྲིད་གཞུང་དང་མི་དམངས་ལ་སེམས་ཁུར་བྱས་པ་དང་། ལག་དམར་ལ་མྱུར་དུ་ཆད་གཅོད་ནནན་མོ་བྱེད་དགོས་པའི་རེ་བ་བཏོན། 
        ཀྲུང་གོའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲིན་ཧྥོང་གིས་ཚེས་ཉེར་གསུམ་ཉིན་བསྟན་དོན། མིག་སྔར་རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། ཁྲིམས་འགལ་དྲག་ཆས་ཉེས་ཅན་གསུམ་ཉིན་དེར་ཁཱ་ལཱ་ཆི་རུ་ཡོད་པའི་ཀྲུང་གོའི་དོན་གཅོད་ཁང་དུ་འགྲོ་རྩིས་བྱེད་པ་ཕཱ་ཁི་སི་ཐན་ཉེན་རྟོག་ཕྱོགས་ཀྱིས་ཤེས། ཕྱོགས་གཉིས་ཀྱིས་འཁྲུག་རྩོད་བྱས་ཏེ། དྲག་ཆས་ཉེས་ཅན་གསུམ་པོ་བསད་པ་དང་། ཕཱ་ཁི་སི་ཐན་ཕྱོགས་ཀྱི་ཉེན་རྟོག་མི་སྣ་གཉིས་འཁྲུག་རྩོད་ཁྲོད་སྟབས་མ་ལེགས་པར་རྐྱེན་ལམ་དུ་ཤོར། ཁཱ་ལཱ་ཆི་རུ་སྡོད་པའི་ཀྲུང་གོའི་དོན་གཅོད་ཁང་གི་མི་སྣ་དང་ཁྱིམ་མི་ཚང་མ་བདེ་འཇགས་རེད་ཟེར། 
        ཉིན་དེར་ཕཱ་ཁི་སི་ཐན་ནུབ་བྱང་ཕྱོགས་ཀྱི་ཨོ་ལེ་ཀི་ཙེ་ཚོ་ཁག་ས་ཁུལ་གྱི་ཚོང་ར་ཞིག་གི་ཉེ་འདབས་སུ་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི་ཉེར་ལྔ་རྐྱེན་ལམ་དུ་ཤོར་བ་དང་མི་སུམ་ཅུར་རྨས་ཕོག་ཡོད།   །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1