ཁོངས་བརྒལ་དཔལ་འབྱོར་སྤེལ་ཁུལ་བཙུགས་ཏེ་འཕེལ་རྒྱས་རམ་འདེགས་བྱེད།

རྩོམ་སྒྲིག་པ།ཡོང་ཁུངས།རྔ་བ་བོད་སྐབས་བརྙན་འཕྲིན། སྤེལ་དུས། 11-30


        ལག་གདང་སྦྲེལ་ནས་དུས་རབས་གསར་པར་སྐྱོད།  དེ་རིང་ང་ཚོ་མཉམ་དུ་ཁྲིན་ཏུའུ་དང་རྔ་བ་ཁུལ་གྱི་བཟོ་ལས་སྤེལ་ཁུལ་དུ་སོང་ནས། རྔ་བ་ཁུལ་གྱིས་ཇི་ལྟར་ཁྲིན་ཏུའུ་དང་ལག་རྡང་མཉམ་སྦྲེལ་བྱས་ཏེ། སྐྱེ་ཁམས་ཁེ་ཕན་དང་དཔལ་འབྱོར་ཁེ་ཕན་གཉིས་ཁེ་བྱུང་བ་ཡིན་ནམ།  

        ཁྲིན་ཏུའུ་དང་རྔ་བ་ཁུལ་གྱི་བཟོ་ལས་སྤེལ་ཁུལ་ནི་2008ལོའི་ལྔ་པའི་བཅུ་གཉིས་ཀྱི་ཝུན་ཁྲོན་ས་འགུལ་ཆེན་མོའི་རྗེས་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཝུན་ཁྲོན་ས་འགུལ་གྱི་གནོད་རྗེས་བསྐྱར་བསྐྲུན་གྱི་སྤྱི་ཁོག་འཆར་འགོད་ལ་བསྟུན་ཏེ། ཁྲིན་ཏུའུ་གྲོང་ཁྱེར་དང་རྔ་བ་ཁུལ་གྱིས་ནུས་ཤུགས་གཅིག་འདུས་མཉམ་བསྐྲུན་བྱས་པའི་རྒྱལ་ཡོངས་ཀྱི་གནོད་རྗེས་བསྐྱར་བསྐྲུན་དང་གནས་སྤོ་བསྐྱར་འཛུགས། མཉམ་ལས་འཛུགས་བསྐྲུན་བྱས་པའི་མི་རིགས་ཀྱི་ཁོངས་བརྒལ་དཔལ་འབྱོར་དར་སྤེལ་གཏོང་བྱེད་ཀྱི་བཟོ་ལས་སྤེལ་ཁུལ་ཞིག་ཡིན། དེར་སྤེལ་ཁུལ་འཛུགས་སྐྱོང་བྱས་ནས་ལོ་བཅུ་ཙམ་གྱི་རིང་ལ། ཁྲིན་ཏུའུ་དང་རྔ་བ་ཁུལ་གྱི་བཟོ་ལས་སྤེལ་ཁུལ་དེ་མེད་པ་ནས་ཡོད་པ་དང་། མགྱོགས་མྱུར་སྐུལ་སྤེལ་བྱས་པས། དེང་སང་ནི་མི་རིགས་ས་ཁུལ་དང་དར་རྒྱས་ཆེ་བའི་ས་ཁུལ་བར་མཉམ་ལས་གཉིས་ཁེ་ཡི་དཔེ་སྟོན་ཞིག་ཏུ་གྱུར་ཡོད། ད་ལོའི་ཟླ་བ་དང་པོ་ནས་ཟླ་བ་བརྒྱད་པའི་བར་ལ། ཁྲིན་ཏུའུ་དང་རྔ་བ་ཁུལ་གྱི་བཟོ་ལས་སྤེལ་ཁུལ་གྱི་རྒྱ་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་བརྒྱད་ཅུ་ཡི་བཟོ་ལས་ཐོན་སྐྱེད་རིན་ཐང་སྡོམ་འབོར་ནི་སྒོར་དུང་ཕྱུར་ང་དགུ་དང་བྱེ་བ་གཉིས་ས་ཡ་དགུ་རུ་ཟིན་པས། ན་ནིང་གི་དུས་མཉམ་ལས་བརྒྱ་ཆ་བཅུ་གཅིག་དང་གཉིས་བརྒྱད་འཕར་སྣོན་སོང་ཡོད་པ་རེད། 
        ཁྲིན་ཏུའུ་དང་རྔ་བ་བཟོ་ལས་སྤེལ་ཁུལ་ནི་ཧུའེ་ཁུའུ་གྲོང་རྡལ་ཁྲེང་ཏུའུ་ཡི་ཆུ་ཚོད་ཕྱེད་ཀྱི་དཔལ་འབྱོར་ཁུལ་དུ་ཡོད། ཁྲིན་ཏུའུ་དང་ཁྲང་ཆིང་གྲོང་ཁྱེར་ཁྱུ་ཚོགས་འཕེལ་རྒྱས་ཀྱི་གཙོ་གནད་ཡིན། ས་ཁོངས་ལེགས་ཆ་མངོན་གསལ་ཡིན་པ་རེད། ས་ཁོངས་བརྒལ་བའི་མཉམ་ལས་མཉམ་འཛུགས་ཀྱི་ཁོངས་བརྒལ་སྤེལ་ཁུལ་ཡིན་པའི་ཆ་ནས། ཁྲིན་ཏུའུ་དང་རྔ་བ་བཟོ་ལས་སྤེལ་ཁུལ་གྱིས་གློག་སྤྱོད་དང་དངུལ་བསྲེས། འཇོན་མི་ནང་འདྲེན། ཚོང་ར་རྒྱ་སྐྱེད་སོགས་ཐད་ཁྲིན་ཏུའུ་དང་རྔ་བ་ས་ཁུལ་གྱི་ཕྱོགས་གཉིས་གཟིགས་སྐྱོང་སྲིད་ཇུས་ཉམས་སུ་མྱོང་ཐུབ་ཡོད། མ་གཏོང་ཁོར་ཡུག་དང་ཚོང་རའི་མདུན་ལྗོངས་ཡག་པོ་ཡོད་པས། ཁེ་ལས་མང་པོ་ནང་འགུག་བྱས་ཡོད།
        ཁྲིན་ཏུའུ་དང་རྔ་བ་ཁུལ་གཉིས་ཀྱིས་མཉམ་ལས་མཉམ་སྐྲུན་དང་། གཉིས་ཁེ་མཉམ་རྒྱལ། ལེགས་ཆ་ཁ་གསབ། ཐོན་ཁུངས་མཉམ་སྤྱོད་བཅས་ཀྱི་མཉམ་ལས་དམིགས་ཡུལ་ལ་གཏད་ནས། ཁྲིན་ཏུའུ་གྲོང་ཁྱེར་ཅིན་ཐང་རྫོང་ལ་རང་ཉིད་བཟོ་ལས་ཅན་དང་གྲོང་ཁྱེར་གྲོང་རྡལ་ཅན་འཕེལ་རྒྱས་གཏོང་བའི་ཕན་འབྲས་ཐོབ་ཡོད་པ་དང་། རྔ་བ་ཁུལ་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་འགན་བསྒྲུབས་ནས་ཁེ་ཕན་ལ་གནོད་སྐྱེལ་བའི་གནད་དོན་བསལ་ཐུབ། ཐོན་ལས་ཀྱིས་མི་རིགས་ས་ཁུལ་དབུལ་བྲལ་ལ་རམ་འདེགས་བྱེད་པ་དང་། འབྱོར་འབྲིང་སྤྱི་ཚོགས་སུ་སྐྱོད་པར་སྒུལ་ཤུགས་འདོན། 2015ལོར་སྤེལ་ཁུལ་ནང་ཐོན་སྐྱེད་བྱེད་འགོ་བརྩམས་པའི་སྨན་པ་ཡག་མོ་ཞེས་པའི་བོད་རྒྱ་གསོ་རིག་སྨན་རྫས་ཚད་ཡོད་སྤྱི་གཉེར་ཁང་ནི་དེའི་ནང་གི་མཚོན་བྱེད་ཅིག་རེད། 
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1