གཙོ་ངོས།>> གསར་འགྱུར།>>བོད་འབྲེལ་ས་ཁུལ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༤ལོའི་ཟླ་བ་༠༩ཚེས་༡༧ཉིན།

བོད་ལྗོངས་ཀྱི་ཐང་ག་བརྒྱ་ཞེས་པ་སྐབས་དང་པོའི་བོད་ལྗོངས་ཀྱི་དངོས་མང་འགྲེམ་ཚོགས་སུ་འགྲེམ་སྟོན་བྱ་རྒྱུ་རེད།

ཐང་ག་གསར་བ་《གཅེས་པའི་ཕ་ཡུལ།》
          ཉེ་ལམ་གསར་འགོད་པས་བོད་རང་སྐྱོང་ལྗོངས་དྲིལ་སྒྲོག་པུའུ་ནས་ཤེས་གསལ་ལྟར་ན། ཐང་ག་བརྒྱའི་ལས་རིམ་དང་པོ་དེ་སྤྱི་ཟླ་9པའི་ཚེས་15ཉིན་བོད་ལྗོངས་ཡུལ་སྐོར་དང་རིག་གནས་རྒྱལ་སྤྱིའི་དངོས་མང་འགྲེམ་ཚོགས་སྐབས་དང་པོའི་སྟེང་ཐོག་མར་བཤམས་རྒྱུ་རེད།
          ད་ལྟ་ཐང་ག་བརྒྱའི་ལས་གཞིའི་ལས་ཀ་ཡོངས་མཇུག་རྫོགས་ཡོད་ཅིང་། ལས་གཞི་དེ་ནི་བོད་རང་སྐྱོང་ལྗོངས་ཀྱིས་སྤེལ་བའི་རིག་གནས་ཀྱི་ཉིང་བཅུད་འདུས་པའི་ལས་གཞི་གལ་ཆེན་ཞིག་ཡིན། 2012ལོར་འགོ་ཚུགས་ཤིང་། ལོ་གཉིས་རིང་ལ་ལྷ་རིས་པ་70ཡིས་ནུས་རྩལ་ཡོད་རྒུ་བཏོན་ནས་ཐང་ག་བརྒྱ་བཞེངས་པ་ཞིག་ཡིན། ད་ལོའི་སྤྱི་ཟླ་9པའི་ཚེས་25ཉིན་ནས་ཚེས་27ཉིན་བོད་ལྗོངས་ཀྱི་རིག་གནས་དང་ཡུལ་སྐོར་རྒྱལ་སྤྱིའི་དངོས་མང་འགྲེམས་ཚོགས་དེ་ལྷ་ས་ནས་འཚོག་རྒྱུ་ཡིན་ཞིང་། སྐབས་དེར་ཐང་ག་བརྒྱ་བོའང་འགྲེམ་ཚོགས་སུ་འགྲེམ་སྟོན་བྱས་ཏེ་ཀུན་གྱི་མིག་གི་དགའ་སྟོན་དུ་སྤེལ་རྒྱུ་རེད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1