གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༡༢ཚེས་༠༤ཉིན།

ཨུ་རུ་སུས་2030ལོའི་རྗེས་འཇིག་རྟེན་འཕུར་སྐྱོད་པ་ཟླ་བའི་གོ་ལའི་ཐོག་བསྐྱོད་ཐུབ་རྒྱུའི་འཆར་གཞི་བཀོད་པ།

 
      ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་མོ་སི་ཁོ་ནས་གློག་འཕྲིན་འབྱོར་གསལ། ཚེས་19ཉིན་འཚོགས་པའི་རྒྱལ་སྤྱིའི་བར་སྣང་ས་ཚིགས་བཙུགས་ནས་ལོ་20འཁོར་བའི་དྲན་གསོའི་བྱེད་སྒོའི་ཐོག་ཨུ་རུ་སུའི་ནུས་རྒྱུའི་མེ་ཤུགས་འཕུར་མདའི་བར་སྣང་ཀུང་སིས་ཨུ་རུ་སུའི་ཟླ་བའི་གོ་ལའི་རྟེན་གཞིའི་འཆར་གཞི་བཀོད་པའི་ལམ་རིས་བསྐྲུན་རྒྱུ་དང་འཆར་གཞི་དེའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ངོས་ནས་ཨུ་རུ་སུའི་འཇིག་རྟེན་འཕུར་སྐྱོད་པ་2030ལོའི་རྗེས་ཟླ་བའི་གོ་ལའི་ཐོག་བསྐྱོད་ཐུབ་རྒྱུ་ཡིན་པ་ཡོངས་བསྒྲགས་བྱས་པ་རེད།
     ཐ་སི་གསར་འགྱུར་ཁང་གིས་ནུས་རྒྱུའི་མེ་ཤུགས་འཕུར་མདའི་བར་སྣང་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་དང་པོ་སྨི་ཁེ་ལིན་གྱི་སྐད་ཆ་དྲངས་ནས་ཨུ་རུ་སུའི་ཟླ་བའི་གོ་ལའི་རྟེན་གཞི་བསྐྲུན་རྒྱུར་དུས་མཚམས་གཙོ་བོ་གསུམ་དབྱེ་བ་དང་འཇིག་རྟེན་འཕུར་སྐྱོད་པ་ཟླ་བའི་གོ་ལར་ཉིན་14སྡོད་རྩིས་ཡོད་ཅེས་བཤད་པ་རེད།
     བསྐྲུན་རྒྱུའི་ལམ་རིས་དེ་གཞིར་བཟུང་ད་ཆ་ནས་2025ལོ་བར་དུས་མཚམས་དང་པོ་ཡིན་པ་དང་ཟླ་བའི་གོ་ལའི་ཐོག་བསྐྱོད་རྒྱུའི་སྒྲིག་ཆས་ཀྱི་གཞི་རྩའི་དཔེ་དབྱིབས་བཟོ་བ་དང་དུས་མཚུངས་ད་ཡོད་ཀྱི་རྒྱལ་སྤྱིའི་བར་སྣང་ས་ཚིགས་ལ་བརྟེན་ནས་འབྲེལ་ཡོད་ལག་རྩལ་ལ་ཚད་ལེན་ཚོད་ལྟ་བྱ་རྒྱུ་དང་། དུས་མཚམས་གཉིས་པ་ནི་2025ལོ་ནས་2035ལོ་བར་ཡིན་པ་དང་། དམིགས་ཡུལ་གཙོ་བོ་ནི་འཇིག་རྟེན་འཕུར་སྐྱོད་པ་ཟླ་བའི་གོ་ལའི་ཐོག་བསྐྱོད་རྒྱུ་དང་འབྲེལ་ཡུན་རིང་གི་ཟླ་བའི་གོ་ལའི་རྟེན་གཞི་བསྐྲུན་འགོ་འཛུགས་རྒྱུ་དེ་རེད། 2035ལོའི་རྗེས་ནི་དུས་མཚམས་གསུམ་པ་ཡིན་པ་དང་མི་སྡོད་རྒྱུར་འཚམ་པའི་ཟླ་བའི་གོ་ལའི་རྟེན་གཞི་བསྐྲུན་རྒྱུ་དང་སྦྲགས་འབྲེལ་ཡོད་ཀྱི་ཚན་རིག་ཞིབ་འཇུག་གི་ལས་དོན་ཡང་སྤེལ་རྒྱུ་རེད།
      འདི་ལོའི་ཟླ་བ་གསུམ་པར་ཨུ་རུ་སུའི་འཇིག་རྟེན་འཕུར་སྐྱོད་ཚོགས་པས་ལོ་གཉིས་ནང“ཟླ་བའི་གོ་ལ་ཨང་25པའི”བརྟག་ཞིབ་ཡོ་བྱད་འཕེན་གཏོང་བྱས་ཏེ་ཨུ་རུ་སུས་བར་མཚམས་ལོ་40ལྷག་ཙམ་བཞག་པའི་ཟླ་བའི་གོ་ལའི་འཚོལ་ཞིབ་ཐིག་ལེན་གྱི་འཆར་གཞི་སླར་ཡང་བསྒྲུབ་རྒྱུ་རེད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1