ཁཱ་མེ་ལུང་སུའུ་ཀི་ལན་དུ་ཕེབས་ནས་སུའུ་ཀི་ལན་ཁ་བྲལ་དུ་འགྲོ་མི་རུང་བའི་གཏམ་བཤད་སྤེལ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-17


         དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁཱ་མེ་ལུང་གིས་སྤྱི་ཟླ་9པའི་ཚེས་15ཉིན་སུའུ་ཀི་ལན་དབྱིན་ཇི་དང་མི་འབྲལ་བར་མཇུག་མཐར་བརྩོན་ལེན་བྱས། སུའུ་ཀི་ལན་ཁ་བྲལ་དུ་འགྲོ་མི་རུང་བའི་རེ་བ་བཏོན། དབྱིན་ཇིའི་མི་སྟོང་ཕྲག་འགའ་ཡིས་ལོན་ཏོན་ནས་རང་བཙན་ལ་ངོ་རྒོལ་བྱེད་པའི་འདུ་ཚོགས་བསྡུས། ཁཱ་མེ་ལུང་ཉིན་དེའི་དགོང་མོར་གནམ་གྲུར་བསྡད་དེ་སུའུ་ཀི་ལན་བྱང་ཕྱོགས་ཀྱི་ཨ་པའོ་ཏེན་གྲོང་ཁྱེར་དུ་འབྱོར་བ་དང་། ས་དེའི་དབྱིན་ཇིའི་བག་འཁུམ་ཏང་གི་བརྩོན་སེམས་ཆེ་བའི་མི་ལ་གཏམ་བཤད་སྤེལ།
          ཁཱ་མེ་ལུང་གིས་ཁོས་གསུངས་རྒྱུར། ཟླ་འདིའི་ནང་དབྱིན་ཇི་རྩ་བ་ནས་འགྱུར་སྲིད། སུའུ་ཀི་ལན་རང་བཙན་བྱེད་པ་དེ་བཟའ་ཚང་ཞིག་ལ་མཚོན་ན་བཟའ་འཁོན་ཙམ་མ་ཡིན་ལ། གཉེན་ཐོར་ཡིན་པས། དབྱིན་ཇིའི་མི་རིགས་ཀྱི་ཁྱིམ་གཞི་ཆེན་མོ་འདི་དང་ཁ་འབྲལ་མི་རུང་བའི་རེ་བ་བཏོན། ཁོས་སུའུ་ཀི་ལན་གྱི་དབྱིན་ཇིའི་གལ་ཆེན་རང་བཞིན་ནན་གསུངས་གནང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1