གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༤ལོའི་ཟླ་བ་༠༩ཚེས་༡༧ཉིན།

ཞི་ཅིན་ཕིང་གིས་སིང་གྷ་ཕོར་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་ཅ་ཕ་ཁི་ས་དང་གྲོས་མོལ་མཛད།

           སྤྱི་ཟླ་9པའི་ཚེས་16ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སིང་གྷ་ཕོར་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་ཅ་ཕ་ཁི་ས་དང་གྲོས་མོལ་མཛད།
           གྲོས་མོལ་མཛད་སྐབས་ཞི་ཅིན་ཕིང་གིས་གསུངས་རྒྱུར། ཀྲུང་གོས་ཞི་བདེ་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་སྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། མཛའ་བཤེས་དང་ཡིད་ཆེས། ཕན་འབྲས། བཟོད་སྒོམ་བཅས་ཀྱི་མཐའ་འཁོར་ཕྱི་འབྲེལ་འདུ་ཤེས་ཆགས་པར་བྱས་ཏེ། མཐའ་འཁོར་རྒྱལ་ཁབ་བར་གྱི་འབྲེལ་འདྲིས་ཇེ་ཟབ་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། ཁྱིམ་མཚེས་མཛའ་མཐུན་ཡོང་ཞིང་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། ང་ཚོས་བློ་བརྟན་འགྱུར་མེད་སྒོས་སིང་གྷ་ཕོར་རྒྱལ་ཁབ་ཀྱིས་རང་བཙན་དང་བདག་དབང་། མངའ་ཁོངས་ཆ་ཚང་བར་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། སིང་གྷ་ཕོར་མི་དམངས་ཀྱིས་རྒྱལ་ཁབ་རང་གི་གནས་ཚུལ་ལྟར་འཕེལ་རྒྱས་ཀྱི་བགྲོད་ལམ་བདམས་པར་རྒྱབ་སྐྱོར་བྱེད་པ་ཡིན་གསུངས།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1