སི་ཁྲོན་རྔ་པའི་གསེར་མཚོའི་མཛེས་ལྗོངས་ཁུལ་དུ་རི་རྒྱ་བསྡམས་ནས་ནགས་ཚལ་སྲུང་སྐྱོང་བྱེད་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 12-07



           ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ་12ཚེས་3ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་སི་ཁྲོན་ཞིང་ཆེན་གསེར་མཚོ་རྒྱལ་ཁབ་རིམ་པའི་ཡུལ་ལྗོངས་གྲགས་ཅན་ཁུལ་དོ་དམ་ཅུས་ནས་ཤེས་རྟོགས་བྱས་པར། གསེར་མཚོའི་ཡུལ་ལྗོངས་ཁུལ་དེ་2018ལོའི་ཟླ་12ཚེས་1ནས་2019ལོའི་ཟླ་3ཚེས་31ཉིན་བར་རི་རྒྱ་བསྡམས་ནས་ནགས་ཚལ་ལ་སྲུང་སྐྱོང་བྱ་རྒྱུ་ཡིན་པ་རེད།
         གསེར་མཚོ་རྒྱལ་ཁབ་རིམ་པའི་ཡུལ་ལྗོངས་གྲགས་ཅན་ཁུལ་ནི་སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་ཡི་ས་མཚམས་ནང་གནས་པ་དང་། གསེར་མཚོའི་ནང་གི་ཚོན་ལྡན་རྫིང་བུ་མང་པོ་ཞིག་ནས་ཉེ་འཁོར་གྱི་མཛེས་ལྗོངས་དང་ཉི་འོད་འཕྲོ་ཕྱོགས་དང་བསྟུན་ནས་ཚོན་མདོག་སྣ་ཚོགས་འགྱུར་གྱི་ཡོད་པས་དེར“མི་ཡུལ་གྱི་ཡའོ་ཁྲི་ལྷ་མཚོ”ཞེས་འབོད་ཀྱི་ཡོད་པ་རེད།
         གསེར་མཚོ་རྒྱལ་ཁབ་རིམ་པའི་ཡུལ་ལྗོངས་གྲགས་ཅན་ཁུལ་དོ་དམ་ཅུས་ཀྱི་འབྲེལ་ཡོད་མི་སྣས་མཛེས་ལྗོངས་ཁུལ་དེ་ཉིད་རྒྱུན་མཐུད་འཕེལ་རྒྱས་འགྲོ་རྒྱུར་དེ་བས་ལེགས་པའི་སྐུལ་འདེད་བཏང་སྟེ་མཛེས་ལྗོངས་ཁུལ་གྱི་སྲ་ཚོན་རྫིང་བུ་དང་། གདོད་མའི་ནགས་ཚལ། སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་བཅས་ལ་རང་བྱུང་གི་སླར་གསོ་ནུས་ལྡན་ཐུབ་ཆེད་རྔ་པ་ཀྲོའུ་མི་དམངས་སྲིད་གཞུང་གིས་ཆོག་མཆན་སྤྲད་པ་བརྒྱུད། གསེར་མཚོའི་མཛེས་ལྗོངས་ཁུལ་དུ་2018ལོའི་ཟླ་12ཚེས་1ནས་2019ལོའི་ཟླ་3ཚེས་31ཉིན་བར་རི་རྒྱ་བསྡམས་ནས་ནགས་ཚལ་ལ་སྲུང་སྐྱོང་བྱེད་པ་དང་དུས་མཚུངས་གསེར་མཚོའི་བྲག་དམར་འགག་སྒོའི་འབྲེང་ཟམ་ཡང་དེའི་རིང་བཀག་སྡོམ་བྱ་རྒྱུ་རེད་ཅེས་བཤད།
        དེ་དང་དུས་མཚུངས་གསར་འགོད་པས་ཤེས་རྟོགས་བྱས་པར། གསེར་མཚོའི་རྒྱལ་ཁབ་རིམ་པའི་ཡུལ་ལྗོངས་གྲགས་ཅན་ཁུལ་དོ་དམ་ཅུས་ཀྱིས་མའོ་ཉི་ལུང་ཤུར་མཛེས་ལྗོངས་ཁུལ་རྒྱུན་གཏན་བཞིན་སྒོ་ཕྱེ་སྟེ་དགུན་དུས་ཀྱི་ཡུལ་སྐོར་སྣེ་ལེན་ཞབས་ཞུའི་ལས་དོན་ཕྱོགས་ཡོངས་ནས་ཡག་པོ་བསྒྲུབ་རྒྱུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1