གཙོ་ངོས།>> རྩོམ་རིག>>སྙན་རྩོམ།

འབའ་སྨད་རྒྱལ་ལོ་ཚེ་རིང་། རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༡༨ལོའི་ཟླ་བ་༡༢ཚེས་༠༧ཉིན།

༄༅།། ད་ལྟ། ངས་འདི་ལྟར་དྲན།

ད་ལྟ། ངས་འདི་ལྟར་དྲན། 

——ཡང་ན་ཁྱེད་ལ།

འབའ་སྨད་རྒྱལ་ལོ་ཚེ་རིང་།

སྔོན་ཆད། ངས་ཁྱེད་རང་ནམ་མཁའི་ཉི་མ་ཞིག་ཏུ་འདོད།
ཉི་མའི་འོད་ཟེར་ནི་ལག་པས་བཟུང་སྟེ།
རང་གི་རྒྱན་གོས་བྱེད་ཆོག་པར་འདོད་མྱོང་།
ད་ལྟ། ངས་ཁྱེད་རང་མེ་ཏོག་ཅིག་ཏུ་འདོད།
ལག་པས་མེ་ཏོག་བཏུས་ཆོག་ནའང་།
མེ་ཏོག་གི་བསུང་ངད་འཐུ་རྒྱུ་མེད་པ་རྟོགས།
ཝེ།

ཡོད་ཚད་ལ་སྙིང་པོ་མི་འདུག་ཅེས་ངེས་འབྱུང་སྐྱེ་སྐབས།
རི་སྒང་གི་རླུང་བུ་ལའང་སྟོབས་ཤུགས་མི་འདུག
ནམ་མཁའི་ཉི་འོད་ལའང་ངར་ཤུགས་མི་འདུག
ངའི་དུས་ཚོད་ལ་ལྷག་ཏུ་ནུས་པ་མི་འདུག
ཝེ།

39.7K

རྩོམ་ཡིག་སྔོན་མ།
༄༅།། སེམས་འགྱུ་མག་མོག
རྩོམ་ཡིག་རྗེས་མ།
༄༅།། དུས་ཚོད།

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1