༄༅།། བྱ་བའི་གནོན་ཤུགས་ལྗིད་ན་ཕ་ཁིན་སོན་འབྱུང་བའི་ཉེན་ཁ་ཆེ།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 12-07


        སུའེ་ཏེན་ཁ་ལོར་སི་ཁ་ཡ་གསོ་རིག་སློབ་གླིང་གི་ཞིབ་འཇུག་གསར་པ་ཞིག་ལས་མངོན་པ་ལྟར་ན།བྱ་བའི་མནོན་ཤུགས་ཧ་ཅང་ལྗིད་ན།ཕ་ཁིན་སོན་འབྱུང་བའི་ཉེན་ཁ་དེ་བཞིན་ཇེ་ཆེར་འགྲོ་བ་རེད།
        ཞིབ་འཇུག་མི་སྣས1920ལོ་ནས1950ལོའི་བར་སྐྱེས་པའི་སུའེ་ཏེན་གྱི་མི་ཁྲི255ཚོད་ལྟ་བྱ་ཡུལ་བྱས་ཏེ།བྱ་བའི་གནོན་ཤུགས་དང་ཕ་ཁིན་སོན་བར་གྱི་འབྲེལ་བར་ཞིབ་འཇུག་བྱས་པ་རེད།ཚོད་ལྟ་བྱ་ཡུལ་གྱི་བྱ་བའི་གནོན་ཤུགས་ནི་རིགས་གཉིས་སུ་དབྱེ་ཡོད་པ་སྟེ།འཐབ་ཇུས་འདོན་པ་དང་ཡང་ན་ཉེན་ཁའི་འགན་འཁྲི་འཁུར་བའི་གནོན་ཤུགས་ལྗིད་པ(ཁེ་ལས་ཀྱི་ཇུས་འདོན་མཁན)དང་རང་བརྟེན་ཚོད་འཛིན་བྱེད་དབང་དང་ཡང་ན་དུས་ཚོད་བཀོད་སྒྲིག་བྱེད་རྒྱུའི་དབང་ཆ་མེད་པའི་གནོན་ཤུགས་ལྗིད་པ(ཁེ་ལས་ཀྱི་དོ་དམ་མཁན་དང་ལག་བསྟར་མཁན)གཉིས་ཡིན།རྗེས་འདེད་བརྟག་དཔྱད་བྱས་པའི་ལོ13གྱི་ནང་དུ།ཚོད་ལྟ་བྱ་ཡུལ་གྱི་མི་ཁྲི2.3ལ་ཕ་ཁིན་སོན་བྱུང་ཡོད་པ་རེད།དབྱེ་ཞིབ་བྱས་པ་ལྟར་ན།འཐབ་ཇུས་འདོན་པའི་ནུས་པ་མཐོ་དགོས་པར་མ་ཟད་དུས་ཚོད་མི་འདང་བའི་གནོན་ཤུགས་ལྗིད་པ་དང་།བྱ་བའི་ཐད་ནས་རང་བརྟེན་ཚོད་འཛིན་བྱེད་དབང་མེད་པའི་སྐྱེས་པར་ཕ་ཁིན་སོན་འབྱུང་བའི་ཚད་མཐོ་ལ།དེ་བཞིན་དུ་རང་ཉིད་ཀྱི་བྱ་བར་རང་བརྟེན་ཚོད་འཛིན་བྱེད་དབང་ཡོད་པའི་བུད་མེད་ལ་ཕ་ཁིན་སོན་འབྱུང་བའི་ཉེན་ཁ་ཧ་ཅང་ཆེ།
        ཞིབ་འཇུག་མི་སྣས་བསྟན་དོན།ཉེན་ཁ་ཆེ་བ་དང་འགན་འཁྲི་ལྗིད་པ།དུས་ཚོད་ཉུང་བ།སྐད་ཆ་བཤད་དབང་མེད་པ་སོགས་ཀྱི་བྱ་བའི་གནས་བབ་ཀྱིས་གནོན་ཤུགས་བྱུང་བ་དང་།གནོན་ཤུགས་ཇེ་ཆེར་འགྲོ་བ་དང་རྒྱུད་རྒྱུའི་རྐྱེན་གཉིས་ནི་ནད་རིགས་དེའི་འབྱུང་རྐྱེན་གཙོ་བོ་རེད།ཆེད་མཁས་པས་བསྟན་དོན།གཅིག་མཚུངས་ཀྱི་ལས་རྐང་སྟེང་གི་མི་སོ་སོའི་འགྲན་རྩོད་ལ་ཁ་གཏོད་པའི་ཐབས་ལམ་མི་འདྲ་བས།གནོན་ཤུགས་འབྱུང་བའི་ཚོར་སྣང་ཡང་མི་འདྲ་བ་རེད།བྱ་བའི་གནོན་ཤུགས་ཇེ་ཡང་དུ་གཏོང་བའི་ཐབས་མཆོག་ནི་སེམས་ཁམས་སྙོམས་སྒྲིག་བྱེད་རྒྱུ་དེ་ཡིན་ནོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1