ཁྲུང་ཁྲུང་སྐེ་ནག

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 12-12


       ལོ་ལྟར་གྱི་ཟླ་བཅུ་པའི་ཟླ་དཀྱིལ་དུ། མཐོ་སྒང་གི་ལྷ་བྱར་གྲགས་པའི་ཁྲུང་ཁྲུང་སྐེ་ནག་རིམ་བཞིན་གྲང་ངར་ཆེ་རུ་འགྲོ་བཞིན་པའི་བོད་བྱང་ཐང་ནས་ལྷོ་ཕྱོགས་སུ་འཕུར་ཏེ། བོད་རང་སྐྱོང་ལྗོངས་ཀྱི་ཡར་ཀླུང་གཙང་པོའི་བར་རྒྱུད་ཀྱི་རོང་ཁུལ་དུ་དགུན་སྒྲོལ་བྱེད་པར་ཡོང་གི་ཡོད། སྟར་གཅིག་ཏུ་སྒྲིག་པའམ་ཡང་ན་ཟུར་གསུམ་དུ་སྒྲིག་ནས་བོད་ཀྱི་དགུན་དུས་ཀྱི་སྔོ་བསངས་ནམ་མཁའི་དཀྱིལ་དུ་འཕུར་ལྡིང་བྱས་ནས་ཁྲུང་ཁྲུང་སྐེ་ནག་གིས་བྲོ་གར་འཁྲབ་པ་ལྟ་བུའི་མཛེས་པའི་ཡུལ་ལྗོངས་སུ་གྱུར་ཡོད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1