ཁྲེན་ཏུའུ་ལ་2021ལོའི་འཛམ་གླིང་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་གཉེར་རྒྱུའི་དབང་ཆ་ཐོབ་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 12-17



      ཟླ་12ཚེས་13ཉིན། རྒྱལ་སྤྱིའི་སློབ་ཆེན་སློབ་མའི་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ས་གནས་དེ་གའི་དུས་ཚོད་ཚེས་13ཉིན་ཕོལ་ཐུ་ཀལ་གྱི་པུའུ་ལ་ཅ་གྲོང་ཁྱེར་དུ་འཚོགས་པའི་རྒྱུན་ཨུའི་ཚོགས་འདུའི་ཐོག ཀྲུང་གོའི་ཁྲེན་ཏུའུ་རུ་2021ལོའི་འཛམ་གླིང་སློབ་ཆེན་སློབ་མའི་དབྱར་དུས་ལུས་རྩལ་འགྲན་ཚོགས་གཉེར་རྒྱུའི་དབང་ཆ་ཐོབ་པ་ཁྱབ་བསྒྲགས་བྱས་ཡོད་།
     ཤེས་རྟོགས་བྱུང་བར་གཞིགས་ན། ཁྲེན་ཏུའུ་རུ་འཛམ་གླིང་སློབ་ཆེན་སློབ་མའི་དབྱར་དུས་ཀྱི་ལུས་རྩལ་འགྲན་ཚོགས་གཉེར་རྒྱུའི་དུས་ཚོད་ནི་2021ལོའི་ཟླ་8ཚེས་19ཉིན་ཡིན་པ་དང་། ལན་ཆིའུ་སྤོ་ལོ་དང་།  ཕའེ་ཆིའུ་སྤོ་ལོ། མཆོང་རྒྱུག་འཕེན་གསུམ། ཆུ་རྐྱལ་སོགས་འགྲན་བསྡུར་རྣམ་གྲངས་ཁྱོན་18ཡོད་པ་དང་། སྐབས་འདིར་རྒྱལ་ཁབ་དང་ས་ཁུལ་170ཡི་ལུས་རྩལ་པ་དང་དཔོན་རིགས་བཅས་ཁྲི་1ལྷག་ཞུགས་རྒྱུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1