ཝང་དབྱང་གིས་ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཡན་ལག་ཚོགས་པ་དང་པོ་ཁྲིད་དེ་པེ་ཧའེ་གྲོང་ཁྱེར་གྱི་རིགས་སོ་སོ་དང་ལས་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་མཛད།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 12-14


        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཚོགས་གཙོ་ཝང་དབྱང་གིས་ཟླ12པའི་ཚེས13ཉིན་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་སྨོན་འདུན་ཁྱེར་ནས་པེ་ཧའེ་གྲོང་ཁྱེར་གྱི་རིགས་སོ་སོ་དང་ལས་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་མཛད།
        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཚོགས་གཙོ་ཝང་དབྱང་གིས་ཟླ12པའི་ཚེས13ཉིན་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་སྨོན་འདུན་ཁྱེར་ནས་པེ་ཧའེ་གྲོང་ཁྱེར་གྱི་རིགས་སོ་སོ་དང་ལས་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་མཛད།
        ཚེས་བཅུ་གསུམ་ཉིན་གྱི་སྔ་དྲོར། ཝང་དབྱང་སོགས་ཕྱིར་མེས་རྒྱལ་དུ་ལོག་པའི་ཕྱིར་སྡོད་རང་མིའི་གྲོང་རྡལ་གྱི་ཉ་བའི་ཞབས་ཞུ་ཚོམས་ཆེན་དུ་སོང་ནས་ལས་བྱེད་མི་སྣ་དང་ཕྱིར་མེས་རྒྱལ་དུ་ལོག་པའི་ཕྱི་སྡོད་རང་མི་དང་མཛའ་བརྩེའི་གླེང་མོལ་བྱས་པ་དང་། གྲོང་རྡལ་དེའི་འཕེལ་རྒྱས་དང་གཞི་རིམ་ཏང་འཛུགས་བྱ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས།
        དེའི་རྗེས། ཝང་དབྱང་སོགས་སོ་སོར་པེ་ཧའེ་གྲོང་ཁྱེར་སྤྱི་ཚོགས་ཕན་བདེ་གླིང་དང་ཀོང་ཞི་ཧོས་ཁི་གློག་རྡུལ་ཚད་ཡོད་ཀུང་ཟི་གཉིས་སུ་སོང་ནས་ལོ་ལོན་རྒན་པར་འཚམས་འདྲི་བྱས་པ་དང་། པེ་ཧའེ་གྲོང་ཁྱེར་གློག་རྡུལ་ཆ་འཕྲིན་ཐོན་ལས་དང་ཁེ་ལས་འཕེལ་རྒྱས་གནས་ཚུལ་གྱི་ངོ་སྤྲོད་ལ་ཉན།
        ཚེས་བཅུ་གསུམ་ཉིན་གྱི་ཕྱི་དྲོར། ཝང་དབྱང་སོགས་ཀྱིས་པེ་ཧའེ་གྲོང་ཁྱེར་གྱི་རིགས་སོ་སོ་དང་ལས་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་ཚབ་པར་མཇལ་འཕྲད་གནང་བར་མ་ཟད། པེ་ཧའེ་གྲོང་ཁྱེར་གྱིས་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་བཙུགས་ནས་ལོ་འཁོར་དྲུག་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུ་ལ་ཞུགས། བཞུགས་མོལ་ཚོགས་འདུའི་སྟེང་། ལས་བྱེད་པ་དང་མང་ཚོགས་ཀྱི་གཏམ་བཤད་ལ་ཉན་རྗེས། ཝང་དབྱང་གིས་གསུངས་རྒྱུར། རང་སྐྱོང་ལྗོངས་བཙུགས་པའི་ལོ་ངོ་དྲུག་ཅུའི་རིང་ལ། པེ་ཧའེ་རུ་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་ཟེར། ཁོས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ནས། བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་སྤེལ་བ་དང་། སྒོ་འབྱེད་སྔང་ལས་རྒྱ་སྐྱེད་པ། གསར་གཏོད་ཀྱི་གོམ་སྟབས་སྔར་ལས་ཇེ་མགྱོགས་སུ་གཏོང་དགོས་ཟེར།
        ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་པ་ཐུར་དང་མེའོ་ཧྭ། ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཁོངས་མི་སྐོར་ཞིག་བཅས་བྱ་འགུལ་ལ་ཞུགས།  །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1