འབྲི་ཆུའི་ལྷོ་རྒྱུད་ཀྱི་མཛེས་ལྗོངས་ཁུལ་དུ་བོད་ཀྱི་རིག་གནས་མྱོང་རོལ་ཐུབ་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 12-18


          ཉེ་དུས། ཀྲེ་ཅང་ཅ་ཤིང་གཡོད་ཧོ་ལོ་རྒྱུས་ཁྲོམ་གཞུང་གི“མཛོད་དགེའི་བོད་ཀྱི་རིག་གནས་མྱོང་རོལ་ཁང་སྟེ་ཅ་ཤིང་གཡོད་ཧོ་ཚོང་ཁང”གིས་སྐུ་མགྲོན་ཐོག་མ་དེ་བསུས་པ་དང་། མྱོང་རོལ་ཁང་དེ་མཛོད་དགེ་རྫོང་གི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་དྲ་ཕྱིའི་འགྲེམས་སྟོན་ཁང་ཡིན་ལ། རྔ་བ་ཀྲོའུ་མཛོད་དགེ་རྫོང་གིས་ཅང་སུའུ་དང་། ཀྲེ་ཅང་། ཧྲང་ཧའེ་བཅས་སུ་སྐྱོད་པའི་རིག་གནས་སྦྲེལ་ཟམ་ལྟ་བུ་ཞིག་དེ་བས་ཀྱང་རེད། དེས་མཛོད་དགེ་རྫོང་གི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་འབྲི་ཆུའི་ལྷོ་རྒྱུད་ཀྱི་མཛེས་ལྗོངས་ཁུལ་དུ་དྲངས་ནས་ཐོན་ལས་དབུལ་སྐྱོར་ལ་སྐུལ་ཁྲིད་ཀྱིས་མཛོད་དགེ་རྫོང་གི་དུད་ཚང་དབུལ་པོར་འབབ་འཕར་ཡོང་བར་བྱས་ཤིང་། འདི་ནི་ཀྲེ་ཅང་ཅ་ཤིང་གཡོད་ཧོ་ལོ་རྒྱུས་ཁྲོམ་གཞུང་གི“མཛོད་དགེའི་བོད་ཀྱི་རིག་གནས་མྱོང་རོལ་ཁང་སྟེ་ཅ་ཤིང་གཡོད་ཧོ་ཚོང་ཁང”གི་ལས་དོན་མི་སྣས་སྐུ་མགྲོན་ལ་སྣེ་ལེན་ཞུ་བཞིན་པ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1