འཕྲལ་བསྟུན་དོ་དམ་པུའུ་ཡིས་རིམ་པ་IVཡི་འཕྲལ་སྡོམ་བྱ་ཐབས་སྤྱད་དེ་ལས་དོན་ཚོགས་པ་སི་ཁྲོན་ས་ཡོམ་ཁུལ་ཏུ་མངགས་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 12-18


     ཟླ་12ཚེས་16ཉིན། གསར་འགོད་པས་འཕྲལ་བསྟུན་དོ་དམ་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉིན་དེར་སི་ཁྲོན་ཞིང་ཆེན་དབྱི་པིན་གྲོང་ཁྱེར་ཤིང་ཝུན་རྫོང་དུ་ས་ཡོམ་རིམ་པ་5.7བརྒྱབ་པ་དང་། འཕྲལ་བསྟུན་དོ་དམ་པུའ་ཡིས་རིམ་པ་IVའཕྲལ་སྡོམ་བྱ་ཐབས་སྤྱད་པ་དང་། ལས་དོན་ཚོགས་ཆུང་ས་ཡོམ་ཁུལ་ཏུ་རོགས་སྐྱོར་ལས་ཀར་མཛུན་སྟོན་བྱེད་དུ་མངགས་པ་རེད།
    འཕྲལ་བསྟུན་དོ་དམ་པུའུ་ཡི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཚེས་16ཉིན་གྱི་ཆུ་ཚོད་17དང་སྐར་མ་30བར་དུ། མི་16ལ་རྨས་སྐྱོན་ཕོག་པའི་སྙན་ཞུ་འབྱོར་བ་དང་། ཤང་དང་གྲོང་རྡལ་ཁ་ཤས་སུ་ཡོམ་ཚོར་ཆེན་པོ་བྱུང་བ། ཁང་པ་ལ་ལ་གས་པ་དང་ལ་ལ་རྡིབ་པ། ཤང་དང་གྲོང་རྡལ་ལ་ལར་གློག་དང་སོལ་རླངས་ཆད་པ་། ལམ་ལ་ལ་རི་ཉིལ་ནས་ནས་འགག་ཡོད་པ་རེད།

    ཀྲུང་གོ་ས་ཡོམ་ལས་ཁུངས་ཀྱི་དྲ་བས་ཚད་འཇལ་གཏན་འཁེལ་བྱས་པར་གཞིགས་ན། ཐེངས་འདིའི་ཡོམ་ལྟེ་་ནི་ཤིང་ཝུན་རྫོང་གྲོང་དང་བར་ཐག་སྟོང་སྨི་20ཡོད་པ་དང་། དབྱི་པིན་གྲོང་ཁྱེར་དང་སྟོང་སྨི་70ཡི་བར་ཐག་ཡོད་པ། ཁྲེན་ཏུའུ་གྲོང་ཁྱེར་དང་བར་ཐག་སྟོང་སྨི་270ཡོད་པ། ཡོམ་ལྟེའི་ཁྱབ་ཁོངས་ཀྱི་སྟོང་སྨི་50ཡི་ནངམི་འབོར་འདུས་ཚད་སྟོང་སྨི་ངོས་གྲུ་རེར་མི་370ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1