གཙོ་ངོས།>> སྒྱུ་རྩལ།>>ལག་རྩལ།

སྣང་རྡོས་བསྒྲིགས། རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༡༢ཚེས་༢༦ཉིན།

༄༅།། འཕང་།

 སྣང་རྡོས་བསྒྲིགས།


        ཤུག་པ་དང་གསོམ་ཤིང་ལས་བཟོས་པའི་ཡོ་བྱད་ཅིག་སྟེ། བོད་རོང་འབྲོག་གི་བུད་མེད་རྣམས་ཀྱིས་དེ་ལ་བརྟེན་ནས་བལ་རྩིད་སོགས་འཁེལ་བ་ལ་ཟེར།
        ངོ་སྤྲོད། 
        རྒྱུ་ཤུག་པ་དང་གསོམ་ཤིང་གང་རུང་ལས་གྲུབ་པ་ཞིག་སྟེ། ཤིང་ནར་མོ་ཞིག་ཡིན་ཞིང་འདི་ལ་འཕང་མདའ་འང་ཟེར། མགོ་ན་འཕལ་ཁའམ་འཕང་ཁ་ཡོད་ལ། འཕང་ཁ་དེ་གཡས་ཕྱོགས་སུ་འཁོར་ཡོད་དེ་ལྟར་འཁེལ་བ་བཀྲ་ཤིས་པའི་བརྩི་སྲོལ་ཡོད། བལ་རྩིད་སོགས་འཁེལ་བྱེད་ཅིག་ཡིན་ལ། བོད་པའི་འཁེལ་འཐག་བྱེད་པའི་ཡོ་བྱད་གལ་ཆེན་ཞིག་ཡིན། འབྲོག་ཁུལ་གྱི་ངལ་རྩོལ་བྱེད་པའི་བུད་མེད་ཚང་མ་འཕང་འཁེལ་གྱི་ལས་ཀར་མཁས་ཤིང་། འཕང་ལོ་ནི་རྡོ་གོར་གོར་དཀྱིལ་ན་བུ་ག་ཅན་ཞིག་ཡིན། འདི་ལ་འཕང་ལོ་ཟེར། འཕང་ལོ་འཁོར་བ་ལ་བརྟེན་ནས་བལ་རྩིད་སོགས་འཁེལ་བ་རེད།
        གྲུབ་ཆ།
        འཕང་ཁ། འཕང་ཤིང་། འཕང་ལོ།


39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1